གམ་པ་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-08 10:48:34

ཉེ་ཆར།གམ་པ་རྫོང་གིས་དམངས་འཚོའི་ལས་དོན་ལ་དམ་པོར་དམིགས་ཤིང་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་ངལ་རྩོལ་ལྟ་ཞིབ་ལས་དོན་གྱི་གཙོ་གནད་དུ་བཟུང་ནས་ལས་གྲྭ་དང་ལས་མིའི་གླ་ཕོགས་འགྱངས་ཆད་གཙང་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ཞིང་འབྲོག་ལས་མི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས་པས་ངལ་རྩོལ་གླ་ཆའི་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

སྒྲིག་གཞི་འཐུས་ཚང་དུ་བཏང་ནས་འགན་འཁྲི་ཁ་གསལ་བྱས་པ།ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཆེད།གམ་པ་རྫོང་གིས་ལས་གྲྭ་དང་ལས་མིའི་གླ་ཕོགས་འགྱངས་ཆད་གཙང་བཤེར་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་དོན་ཁང་བཙུགས་ནས་ཚོགས་ཆུང་གི་འགན་ནུས་ཁ་གསལ་དང་མི་རེ་རེའི་འགན་འཁྲི་དོན་འཁྱོལ་ཐུབ་པར་བྱས་པས་གླ་ཕོགས་འགྱངས་ཆད་གཙང་བཤེར་བྱེད་པའི་ལས་དོན་གྱི་ལས་ཀ་ཚང་མ་དམ་འཛིན་བྱེད་མཁན་ཡོད་པ་དང་མི་ཚང་མར་ལས་ཀ་ཡོད་པའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད་པ་རེད།

རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཕན་འབྲས་འགན་ལེན་བྱས་པ།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་ཤང(གྲོང་རྡལ)དང་གྲོང་ཚོ(ཡུལ་མིའི་ཨུ་ལྷན)ཁག་ཏུ་ཞིང་འབྲོག་ལས་མིའི་ཁེ་དབང་འགན་ལེན་ལས་དོན་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་།སྡེ་ཚན་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་རང་འགུལ་གྲལ་བཤེར་དང་ཁྱོན་ཡོངས་གྲལ་བཤེར་ཟུང་འབྲེལ་དང་།ཞིང་འབྲོག་ལས་མིས་གླ་ཕོགས་བླངས་ནས་ཕ་ཡུལ་དུ་ལོག་རྒྱུ་དང་ངལ་རྩོལ་གླ་ཆའི་རྩོད་གཞི་འདུམ་གཅོད་བྱེད་རྒྱུ་གཉིས་ཟུང་འབྲེལ་གྱིས་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་མང་ཚོགས་ཚོར་བསམ་བློའི་འདུ་ཤེས་བསྒྱུར་ཏེ་རྩལ་ནུས་ཕྱུག་འགྱུར་དང་ཁེ་དབང་འགན་ལེན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སྣེ་ཁྲིད་བྱས་པ་བཅས་རེད།

འབྱུང་རྩ་འདེད་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ལས་དོན་མི་སྣ་རྫོང་ཡོངས་ཀྱི་ལས་སྒྲུབ་བྱ་ཡུལ་ཁག་ཏུ་ཐེངས་མང་བསྐྱོད་དེ་ཞིང་འབྲོག་ལས་མི་ཚོར་ས་གནས་ས་ཐོག་ཏུ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་པའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་མ་ཟད།དོ་བདག་གམ་ཡང་ན་འགན་གཙང་ལེན་མཁན་ཚན་པར“གླ་ཕོགས་འགན་ལེན་དངུལ་དོ་དམ་བྱེད་ཐབས”ཀྱི་ལག་བསྟར་ལས་རིམ་ལྟར་གླ་ཕོགས་འགན་ལེན་དངུལ་འདང་ངེས་སྤྲོད་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་མིའི་གླ་ཕོགས་འགྱངས་ཆད་སོགས་ཀྱི་གྱོད་གཞི་ཐོན་རྒྱུ་སྔོན་འགོག་བྱེད་པའམ་ཡང་ན་ཐོན་ཉུང་དུ་གཏོང་བ་དང་ཐ་ན་དེའི་རིགས་གཏན་འགོག་བྱས་ནས་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ནུས་ལྡན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།