རྨང་གཞིའི་ཆ་རྐྱེན་ལེགས་སུ་བཏང་བས་ཕན་འབྲས་ཐོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-24 10:29:42

རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བ་ནས་བཟུང་། གམ་པ་རྫོང་གོག་མཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རྫོང་འགྲིམ་འགྲུལ་ཆུ་བེད་ཀྲི་པུའུ་ཡིས་མངགས་གཏོང་བྱས)གིས“ལས་འགན་ལྔ”ལ་གཞི་ཚུགས་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་མི་སེར་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱས་ཡོད་པ་རེད།

ཁང་པ་གསར་པ་བརྒྱབ་ནས་འཚོ་བ་གསར་པ་སྐྱེལ་དུ་བཅུག་པ། 2012ལོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱལ་ཁབ་ཀྱིས་མ་འཇོག(ཁྲི2.5)དང་མང་ཚོགས་རང་ཉིད་ཀྱིས་གྲབས་གསོག་མ་དངུལ་སྤྱད་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་25ལ་ཁང་པ་གསར་པ་རྒྱག་རོཌ་བྱས་པར། ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་500ཙམ་ཟིན་ཏེ་མི་ཕྱུཌ་ལོཌ་སུ་སྡོད་ས་མེད་པའི་གནས་ཚུལ་ཐག་གཅོད་གཙང་མ་བྱུང་ཡོད།

ལམ་གསར་པ་བཟོས་ཏེ་འགྲོ་སྐྱོད་སྟབས་བདེ་ཡོང་བ་བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕྱོགས་ཁག་གི་མ་དངུལ་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། གྲོང་ཚོ་ནས་རྫོང་བར་སྨི་1000ཟིན་པའི་སྣུམ་ནག་ལམ་བཏིང་བ་དང་། གྲོང་ཚོའི་ནང་གི་སྨི་1000ཟིན་པའི་གཞུང་ལམ་ཨར་འདམ་ལམ་བཟོས་ནས་དུད་ཚང་ཚང་མའི་སྒོ་ཁར་སླེབས་པས། མང་ཚོགས་རྣམས་སྔོན་མའི་སྒང་གཤོངས་མི་སྙོམས་པའི་ལམ་བུར་བསྐྱོད་མི་དགོས་པ་བྱུང་ཡོད།

བརྟན་ལྷིང་གི་དུས་བབ་ལོངས་སུ་སྤྱད་དེ་འཕེལ་རྒྱས་ལ་སྐུལ་མ་བཏང་བ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་བདེ་འཇགས་དང་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་ཡུལ་དམག་12དང་མཉམ་འགོག་རུ་མི་3ལས་གྲུབ་པའི་གྲོང་སྲུང་རུ་ཁག་བསྐོངས་ནས་དུས་བཀག་སྐོར་ཞིབ་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་དུས་བཀག་ནང་བརྟན་ལྷིང་སྲུང་སྐྱོང་གི་ཚོགས་འདུ་འཚོགས་ནས་གོང་རིམ་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཡོད།

ལས་དོན་ཙག་ཙིག་བསྒྲུབས་ཏེ་དམངས་ཀྱི་སེམས་ཁྲལ་བསལ་བ། ལས་དོན་རུ་ཁག་གིས་ལོ་ཕྱེད་རེའི་ནང་གྲོང་ཚོ་ཧྲིལ་པོའི་གནས་ཚུལ་ལ་བཅར་འདྲི་ཞིབ་བཤེར་ཆེན་མོ་ཐེངས་རེ་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་དང་མང་ཚོགས་ཅི་ཞིག་དགོས་པ་ཤེས་རྟོགས་ཧུར་ཐག་བྱས་ཡོད། ཟླ་རེའི་ཟླ་མཇུག་ཏུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་རྣམས་གྲོང་ཚོ་ཨུ་ལྷན་གྱི་ཉེ་འཁོར་གཙང་ཕྱག་བྱེད་དུ་འཇུག་པ་དང་དགུན་གསེང་དང་དབྱར་གསེང་སྐབས་གྲོང་ཚོ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་གྲོང་ཚོ་ཨུ་ལྷན་དུ་བསྐོངས་ནས་ཁོང་ཚོར་སློབ་སྦྱོང་ཟུར་ཁྲིད་བྱེད་ཀྱི་ཡོད་པ་རེད།

མ་དངུལ་གྲབས་གསོག་མང་ཙམ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། 2013ལོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕྱོགས་ཁག་ནས་མ་དངུལ་སྒོར་ཁྲི་25བསྡུ་སྒྲིལ་བྱས་ཏེ་ཏང་ཡོན་གྱིས་སྣེ་ཁྲིད་ནས་གསོ་ཚགས་བྱེད་པའི་ཐོག་ནས་བྱ་གསོ་ར་བ་10གསར་དུ་བརྒྱབ་ཡོད། ད་བར་བྱ་གསོ་ར་བའི་བྱ་དེའི་གྲངས་འབོར་དེ་སྔའི་བྱ་དེ་19ནས་ད་ཆའི་392བར་འཕར་བ་དང་སྒོ་ང་བརྒྱ་ཕྲག་ཁ་ཤས་ནས་3000ལྷག་ཙམ་བར་མང་དུ་ཕྱིན་ཡོད། གམ་པའི་ལུག་སྡོམ་གསོས་བརྒྱབ་པར་ལོ་རེར་ཁེ་གཙང་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་བ་དང་གྲོང་ཚོའི་སྣུམ་ཚགས་ཁང་གིས་གྲོང་ཚོ་ཡོངས་ཀྱི་སྣུམ་བཙག་དཀའ་བའི་གནད་དོན་བསལ་ཡོད། 2013ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་མི་རེར་ལོའི་དཔལ་འབྱོར་ཡོང་འབབ་སྒོར་6101.35ཟིན་ཡོད།

སྡུག་དྲན་སྐྱིད་བསམ་བྱས་ཏེ་ཏང་གི་བཀའ་དྲིན་སེམས་སུ་བཅངས་པ། “ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ”བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་ནས་སྒོར་ཁྲི་40ལྷག་ཙམ་གྲབས་གསོག་བྱས་ཏེ“གོག་མཚོ་གྲོང་ཚོའི་དྲིན་ཚོར་དྲན་གསོ་ཁང”བསྐྲུན་པ་དང་། ལོ་རེའི“3·28”ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་རིང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ། རྒྱལ་དར་བསྒྲེངས་བའི་མཛད་སྒོ་འཚོགས་པ་དང“དྲིན་ཚོར་དྲན་གསོ་ཁང”ལ་ལྟ་སྐོར་བྱེད་དུ་བཅུག་སྟེ་མང་ཚོགས་རྣམས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་བྱུང་བ་རྟོགས་པ་བྱས་ནས་དེང་གི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་ཤེས་པ་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།