གམ་པ་རྫོང་གིས་ཁྱད་ལྡན་ཐོན་ ལས་འཕེལ་རྒྱས་ལ་སྐུལ་ འདེད་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:16

ད་ཕན་ལོ་ཤས་རིང་གམ་པ་རྫོང་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་ལེགས་ཆ་དམ་འཛིན་གྱིས་གམ་པའི་ལུག་གི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད། འདི་ལོའི་ལོ་སྟོད་བར་རྫོང་དེ་ཡོངས་སུ་གམ་པའི་ལག་ཡོད་ལུག་ཁྲི་15.8ཟིན་ཡོད་པ་རེད།

གམ་པའི་ལུག་གི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལམ་བུ་འཚོལ་ཞིབ་བྱས་པ། 2013ལོར་རྫོང་དེའི“དཔེ་དབྱིབས་རིགས་གསུམ”གྱི་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དེའི་ནང་གྲང་རླུང་ཤང་གཡུ་གཞོང་གྲོང་ཚོའི“མཉམ་ལས་ཁང་གི་དཔེ་དབྱིབས”ལས་ངལ་ནུས་ཡོང་འབབ་སྒོར་ཁྲི་44.16ཟིན་པ་དང་མི་རེར་ཆ་སྙོམས་སྒོར་4000ཙམ་བྱུང་ནས་གློ་བུར་དུ་རྫོང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་མཐོ་ཤོས་ཀྱི་གྲོང་ཚོར་གྱུར་བ་དང་གཡུ་གཞོང་གྲོང་ཚོའི་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དེས་གམ་པའི་ལུག་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱ་རྒྱུར་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་པ་རེད།

མཉམ་ལས་ཁང་གི་ཁྱབ་ཁྱོན་ཆེ་རུ་ཕྱིན་པ་དང་ཚད་ལྡན་ལག་རྩལ་ལ་བརྟེན་ནས་ཚོང་ལམ་རྒྱ་ཆེར་བཏང་བ། 2010ལོར་རྫོང་དེས་གམ་པའི་ལུག་གི་འབྲོག་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གམ་པའི་ལུག་གསོ་སྤེལ་ལག་རྩལ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་སོགས་ཀྱི་ལས་དོན་སྤེལ་བ་རེད། ལོ་4རིང་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔར་མཉམ་ལས་ཁང་དེ་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་5དང་སྲིད་འཛིན་གྲོང་ཚོ་29ལ་ཁྱབ་ནས་ཁོངས་མི་དུད་ཚང་1789དང་མ་དངུལ་བསྡོམས་སྒོར་ཁྲི་9080.28ཟིན་ཡོད་པ་རེད།

སྐྱེ་ལྡན་ཁས་ལེན་ར་སྤྲོད་ལས་དོན་སྤེལ་ནས་ཐོན་ཟོག་གི་རིན་གོང་ལེགས་ཆ་རྒྱ་ཆེར་བཏང་བ། འདི་ལོ་རྫོང་དེས་གམ་པའི་ལུག་གི་སྐྱེ་ལྡན་ཁས་ལེན་ར་སྤྲོད་གཞུང་དོན་ཁང་བཙུགས་ནས་ཟླ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་སྐྱེ་ལྡན་ཐོན་ཟོག་ཁས་ལེན་ར་སྤྲོད་ཀྱི་དཔང་ཡིག་རག་པ་དང་འབྲེལ་གམ་པའི་ལུག་དེ་ཉིད་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ཐོན་ཟོག་ཏུ་གྲུབ་འབྲས་ཐོན་པའི་ངང་སྙན་འབུལ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།