གམ་པ་རྫོང་གིས་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་བ།

ང་་ད་་གསར་འར་་གས།

| 2014-12-18 00:15:18

ཉེ་ཆར་གསར་འགོད་པས་གམ་པ་རྫོང་ནས་ཤེས་རྟོགས་བྱས་པར།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྤྱིའི་བླང་བྱ་གཞིར་བཟུང་།གམ་པ་རྫོང་གི་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་གྱི་རང་འདེམས་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས་རྫོང་དེས་གཞི་ཁྱོན་ཤིན་ཏུ་ཆེ་བའི་གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་།རྫོང་དེས་མི་ཐེངས་1520དང་འདྲུད་འཐེན་འཕྲུལ་འཁོར་87བཏང་ནས་སྲིད་འཛིན་གྲོང་ཚོ་29ཡི་གད་སྙིགས་ཏུན་326གཙང་སེལ་དང་།ཆུ་ཡུར་སྨི་34800ལྷག་ཙམ་གཙང་བཤངས།གད་སྙིགས་གང་བྱུང་དུ་ཕུང་གསོག་རྒྱག་ས་43གཙང་སེལ།གནས་གཏན་འཁེལ་གྱི་གད་སྙིགས་སྤུངས་ས་29གསར་སྐྲུན།འཚོ་བའི་གད་སྙིགས་ཏུན་326སྦས་པ་བཅས་བྱས་པས་གཙང་སེལ་བྱེད་སྒོ་ཁྱབ་ཚད་100%ཟིན་ཡོད།དེ་དང་དུས་མཚུངས་མ་དངུལ་སྒོར་ཁྲི་500ལྷག་ཙམ་གྲབས་གསོག་བྱས་ནས་རྫོང་གྲོང་གི་ཁྲོམ་གཞུང་གི་མཛེས་ལྗོངས་ལེགས་སུ་བཏང་ཞིང་།སྤྱི་པའི་གསང་སྤྱོད་8གསར་དུ་བསྐྲུན་པ་དང་།རྫོང་གྲོང་དོ་དམ་ཁྲིམས་འཛིན་རུ་ཁག་བཙུགས་ཏེ་གང་བྱུང་དུ་བསྐྲུན་པ་དང་བཞག་པའི་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བྱས་པ།ཚོང་འདུས་གྲོང་རྡལ་གྱི་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཐག་གཅོད་བྱས་པས།རྫོང་ཡོངས་ཀྱི་འཕྲོད་བསྟེན་འཛུགས་སྐྱོང་གི་རྣམ་པ་བཟང་དུ་ཕྱིན་ནས་“ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་གྱི་རང་འདེམས་བྱ་སྤྱོད”བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།