དིང་རི་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

དིང་རི་རྫོང་གཞིས་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། རི་བོ་ཧི་མ་ལ་ཡའི་བྱང་འདབས་ཀྱི་ཇོ་མོ་གླང་མའི་འདབས་སུ་ཆགས་ཡོད། ཤར་གཏིང་སྐྱེས་དང་ས་སྐྱ་རྫོང་གཉིས་དང་འབྲེལ་བ་དང་། ནུབ་གཉའ་ནང་རྫོང་དང་འབྲེལ་བ། བྱང་ངམ་རིང་རྫོང་དང་འབྲེལ་བ། བྱང་ཤར་ལྷ་རྩེ་རྫོང་དང་འབྲེལ་བ། ལྷོ་ནེ་པ་ལ་དང་ས་མཚམས་འབྲེལ་ཡོད། དིང་རི་རྫོང་དེ་ཉིད་ས་བབ་མཐོ་ཚད་སྨི་4300ཡོད་པའི་ཤེས་དཀར་གྲོང་རྡལ་དུ་གནས་ཡོད། དིང་རི་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་གྱི་ཡོད། རྫོང་དེའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.40ཙམ་ཟིན་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་115དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་152ཡོད། 2013ལོར་དིང་རི་རྫོང་དུ་མི་ཁྲི་6.2ཡོད།

དིང་རི་རྫོང་གི་གཏེར་ཐོན་ཐོན་ཁུངས་གྲས་སུ་ཞ་ཉེ་དང་། ཏི་ཚ་དཀར་པོ། འཐི། ཝུ་སོགས་ཡོད། 2013ལོར་དིང་རི་རྫོང་གི་རྩྭ་རྩི་ཤིང་གྲས་སུ་ལྕ་བ་དང་། སྲད་མ། གཡའ་རུག་མ། གུ་དུར་སྨྱུག་མ་སོགས་ཡོད། ས་ཆའི་ཐོན་ཁུངས་ཐད་2013ལོར་དིང་རི་རྫོང་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་13969.75ཟིན་ཞིང་། རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་7054.15ཟིན་པ་དང་། རང་བྱུང་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་888421.2ཟིན་པ། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་8569ཟིན་པ། ནགས་ཚལ་ཁེབས་ཚད་9.6%ཟིན་གྱི་ཡོད། ཤིང་ཆ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་213.6ཟིན་ཡོད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།