དིང་རི་རྫོང་ཁ་བ་ཤར་གྲོང་ཚོར་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་ལས་འཕྲུལ་འཁོར་སྤྲོད་པའི་མཛད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:21

11ཚེས་19ཉིན་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་ཁ་བ་ཤར་གྲོང་ཚོའི་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་ཐང་དུ་ཞིང་ལས་འཕྲུལ་འཁོར་སྤྲོད་པའི་མཛད་སྒོ་སྤེལ་ཡོད།  ད་ཐེངས་ཀྱི་མཛད་སྒོའི་ཐོག་ཚོགས་ཞུགས་ཀྱི་དབུ་ཁྲིད་ལ་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གྱི་ཧྲུའུ་ཅི་ལི་ཁ་མིང་དང་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གཞོན་པ་བློ་མཐུན་ཉི་མ་ལགས། ད་དུང་བཅའ་དོན་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཡོད།

ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲུད་ཐེན་འཁོར་ལོ་5དང་རྔ་བསྡུ་འཕྲུལ་འཁོར་5   འབྲུ་དོན་འཕྲུལ་འཁོར་5    ལོ་ཏོག་བརྔ་བསྡུ་འཕྲུལ་འཁོར་གྱི་སོ་50བཅས་ཁྱོན་མ་འཇོག་སྒོར་ཁྲི་23ལྷག་བཏང་ཡོད།  བྱེད་སྒོའི་ཚོགས་རྭའི་ཁྲོད་ཤེལ་དཀར་གྲོང་རྡལ་གྱི་དབུ་ཁྲིད་ཀྱིས་ཁ་བ་ཤར་གྲོང་ཚོའི་ཐེམ་དུད་48ཀྱི་ཞིང་པ་མང་ཚོགས་ལ་མཇལ་དར་སྒྲོན་པ་དང་ཁོང་རྣམ་པ་མགྱོགས་མྱུར་ཕྱུག་འགྱུར་ཡོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་རྒྱུའི་རེ་སྨོན་ཞུས།  དུས་མཚུངས་ཁ་བ་ཤར་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་བརྩེ་སེམས་ཆེན་པོས་ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུས། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚུགས་ཆུང་གི་དབུ་ཁྲིད་ཚོའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཞུས།

ད་ཐེངས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་ངལ་རྩོའི་ནུས་ཤུགས་ལ་བཅིངས་འགྲོལ་ཚད་མེད་ཐེབས་པ་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དེང་རབས་ཅན་གྱི་ཞིང་ལས་འཕྲུལ་འཁོར་གཤམ་སྤྲོད་བྱས་པ་དེས་ཁ་བ་ཤར་གྲོང་རྡལ་གྱི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད་ལ་ཉེ་འཁོར་གྱི་གྲོང་ཚོས་དཔལ་འབྱོར་མཉམ་སྡེབ་ལ་དཔལ་འབྱོར་ཕན་ནུས་ཐོན་རྒྱུར་ཤུགས་རྐྱེན་བྱུང་ཡོད།

ད་ཐེངས་ཀྱི་རྨང་གཞི་ལེགས་བརྟན་དང་དམངས་ལ་ཕན་པ་གྲུབ་པའི་ཞིང་ལས་འཕྲུལ་འཁོར་གཤམ་སྤྲོད་ཀྱི་བྱེད་སྒོ་བརྒྱུད།  ཞིང་འབྲོག་པ་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་སྲིད་གཞུང་གི་བྱམས་སྐྱོང་ཚོར་ཐུབ་པ་བྱུང་ཡོད་ལ།  མང་ཚོགས་ཚོས་ཕན་པ་སུ་ལ་གྲུབ་ཡོད་པ་དང་ཕན་པ་སུས་གྲུབ་པ། བཀའ་དྲིན་སུ་ལ་འཇལ་དགོས་པ་ཤེས་ཡོད་ལ། ཏང་ཡོན་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།