ངམ་རིང་རྫོང་གིས་ཞིང་འབྲོག་པའི་ཚན་རྩལ་བེད་སྤྱོད་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:21

ཉེ་ཆར།ངམ་རིང་རྫོང་ཞིང་འབྲོག་ཅུད་ཀྱིས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལག་རྩལ་མི་སྣ་གདན་འདྲེན་བྱས་ཏེ་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་བཟང་བཟང་གྲོང་རྡལ་དང་མདོ་སྤེ་གྲོང་ཚོ།ཆུ་འོག་ཤང་།གད་ཁ་གྲོང་རྡལ་སོགས་སུ་བསྐྱོད་ནས་ཞིང་འབྲོག་པ་1220ལ་ཚན་རྩལ་བེད་སྤྱོད་ལག་རྩལ་གྱི་གསོ་སྐྱོང་སྦྱོང་བརྡར་བྱས་ཡོད།ད་ཐེངས་ཀྱི་བྱེད་སྒོས་ཞིང་འབྲོག་པའི་སོན་འདེབས་ལག་རྩལ་སློབ་སྦྱོང་གི་རང་འགུལ་ནུས་པར་སྐུལ་འདེད་ཐེབ་རྒྱུ་དང་།ཞིང་འབྲོག་པས་ཚན་རིག་དང་མཐུན་པའི་སོན་འདེབས་ལག་རྩལ་གོང་མཐོར་ཕྱིན་ཡོད་ལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གང་མང་ལ་སྣེ་ཁྲིད་བྱས་ནས་མི་སྣ་གང་མང་ལས་ཞུགས་ཐུབ་ཡོད།

གསོ་སྐྱོང་སྦྱོང་བརྡར་ཁྲོད་ལག་རྩལ་མི་སྣས་རི་མོ་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་ནང་དོན་ལ་འགྲེལ་བཤད་རྒྱག་པ་དང་།དོན་དངོས་ཀྱི་དཔེ་མཚོན་བཞག་པ།ཕན་ཚུན་དྲིས་ལན་འདེབས་རེས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཕྱོགས་བསྡུས་གསོ་སྤེལ་ལག་རྩལ་དང་ཐོན་འབབ་མང་པའི་འབྲུ་རིགས་འདེབས་གསོའི་ལག་རྩལ།དྲོད་ཁང་སྔོ་ཚལ་འདེབས་གསོའི་ལག་རྩལ་སོགས་ཀྱི་སྐོར་ལ་གསལ་འགྲེལ་གནང་ཡོད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།