བོད་ལྗོངས་གཞིས་རྩེའི"ལ་ཕུག་གྲོང་ཚོར"ལོ་ལེགས་བྱུང་བ།

མི་དམངས་དྲ་བ།

| 2018-08-10 11:33:07

QQ截图20180810112432.png

ཉེ་དུས། "ལ་ཕུག་གྲོང་ཚོར"གྲགས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་གི་མུའུ་700ཟིན་པའི་ལ་ཕུག་ལ་ལོ་ལེགས་བྱུང་ཡོད། དེ་སྔོན་པད་གཞུང་ཤང་གིས་བཏབ་པའི་ལ་ཕུག་སྣ་རིགས་རྐྱང་པ་ཡིན་པར་བརྟེན་བསམ་གྲུབ་རྩེ་ཆུས་ཨུ་དང་། ཆུས་སྲིད་གཞུང་། ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཚོ་ཆུང་གི་ཐུན་མོང་འབད་བརྩོན་འོག་དང་། ཆིང་ཏའོ་གྲོང་ཁྱེར་གྲོང་གསེབ་ལས་དོན་ཨུ་ཡོན་ལྷན་ཁང་དང་ཆིང་ཏའོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱི་རོགས་རམ་བྱས་པ་བརྒྱུད་པད་གཞུང་ཤང་དུ་ལ་ཕུག་གི་སྣ་ཁ་གསར་པ་དང་སྒྲིག་ཆས་གསར་བ་ནང་འདྲེན་བྱས་པ་དང་། སོན་འདེབས་བྱ་ཐབས་ལེགས་བཅོས་བཅས་བྱས་པས་ལ་ཕུག་མུའུ་རེའི་ཐོན་ཚད་མང་དུ་ཕྱིན་ཡོད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་པད་གཞུང་ཤང་པད་མ་མེ་ཏོག་མཉམ་ལས་ཁང་བཙུགས་པ་དང་། མང་ཚོགས་དབུལ་པོར་ལ་ཕུག་འདེབས་འཛུགས་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་པས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།   2017ལོར། པད་གཞུང་ཤང་གིས་ཕུ་ཤར་དང་ཕུ་ནུབ་གྲོང་ཚོ་གཉིས་དུ་ལ་ཕུག་སྣ་ཁ་གསར་པ་མུའུ་300ཚོད་འདེབས་བྱས་པར་གྲུབ་འབྲས་ཐོབ་ནས། མུའུ་རེའི་ཐོན་ཚད་རྒྱ་མ་5000ཡན་ཟིན་པ་དང་། མུའུ་རེ་ནས་ཡོང་འབབ་སྒོར་4000ཙམ་བྱུང་ཡོད། ད་ལོ། ཤང་ཡོངས་ཀྱི་ལ་ཕུག་འདེབས་ཁྱོན་དེ་སྔར་གྱི་རྨང་གཞིའི་ཐོག་གྲོང་ཚོ་6དང་མུའུ་700ལྷག་ཙམ་རྒྱ་ཆེར་བཏང་ནས། མང་ཚོགས་དུད་ཚང་200ལྷག་ཙམ་ལ་ཁྱབ་པ་བྱ་རྒྱུ་ཡིན་ཞིང་།  དེའི་ནང་དུད་ཚང་45ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། མུའུ་རེའི་ཐོན་ཚད་རྒྱ་མ་6000ཡན་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།