ཞིབ་བཤེར་ཞིབ་ཚགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-04-24 15:59:57

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་བ་དང་། མངོན་གསལ་དོད་པའི་བདེ་འཇགས་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་དོགས་ཟོན་དང་། སེལ་བ། དོ་དམ་ཚོད་འཛིན་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་།

པར་①ནི་ཁང་དམར་རྫོང་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མི་ཚོགས་སྟུག་སར་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱེད་བཞིན་པ།

པར་②ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཉེན་རྟོག་པས་དུད་ཚང་དུ་འཚམས་འདྲིར་བསྐྱོད་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།