ལྷད་མེད་བརྩེ་བ་གཞིས་ རྩེར་བཅངས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-22 12:55:12

ལྷད་མེད་བརྩེ་བ་གཞིས་

རྩེར་བཅངས།

ཉེ་ཆར་གཞིས་རྩེར་བརྩེ་བ་འཆང་བའི་སློབ་གསོའི་ཐེབས་རྩའི་དང་བླངས་པས་གཞིས་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་30ལྷག་ཙམ་ཡོད་པའི་ཆིང་ཡོན་ཕུགས་རེའི་སློབ་ཆུང་དུ་བསྐྱོད་དེ་ཆིང་ཏའོ་གྲོང་མིས་ཞལ་འདེབས་བརྒྱབ་པའི་འཁྲུད་འཁོར་དང་སྲིང་བལ་གྱི་ལག་ཤུབས་སོགས་སློབ་གྲྭ་དེའི་སློབ་མ་200ལྷག་ཙམ་ལ་སྤྲད་པ་རེད།

ཉིན་ཤས་རིང་གཞིས་རྩེར་བརྩེ་བ་འཆང་བའི་སློབ་གསོའི་ཐེབས་རྩས་གཞིས་རྩེ་གྲོང་ཁྱེར་ཉི་རི་གཞུང་ཤང་རྒྱལ་ཆེན་རྩེ་སློབ་ཆུང་དང་གཉའ་ནང་རྫོང་འགྲམ་སློབ་ཆུང་། པ་སྣམ་རྫོང་གཡའ་སྔོན་གྲོང་ཚོའི་ཆིང་ཏའོ་ཅན་ཨན་བུ་བཅོལ་ཁང་བཅས་ཀྱི་སློབ་མ་རྣམས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། འཚོ་བའི་མཁོ་ཆས། ཡིག་ཆས་བཅས་སྤྲད་དེ་ཕྲུ་གུ་ཚོར་དྲོ་སྐྱིད་བྱིན་པ་རེད།

ལོ་བཞིའི་རིང་དེ་སྔ་གཞིས་རྩེར་བོད་སྐྱོར་དུ་སླེབས་པའི་སུང་ཀོང་ཝུའེ་ཡིས་སྤྱི་ཕན་ཚོགས་པའི་སྣེ་ཁྲིད་དེ་ཡང་སེ་ཕེབས་ཀྱི་ཡོད།

→ འདི་ནི་སུང་ཀོང་ཝུའེ་ཡིས་ཞལ་འདེབས་རྒྱག་ཡུལ་གྱི་ཕྲུ་གུ་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།

↓འདི་ནི་སུང་ཀོང་ཝུའེ་ཡིས་ཁྱིམ་ལ་དཀའ་ངལ་ཡོད་པའི་སློབ་མ་ཕུར་བུ་བསམ་གྲུབ་ལ་བརྩེ་སེམས་མཚོན་པའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་སྤྲོད་བཞིན་པ།

↑འདི་ནི་གཞིས་རྩེར་བརྩེ་བ་འཆང་བའི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་སྤྲོད་སྲོལ་འཛུཌ་པའི་མཛད་སྒོ་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།