གཞིས་རྩེས“སྐད་འཕྲིན”ལ་བརྟེན་ནས“སྣང་ཆེན་བཞི་དང་ དགའ་ཞེན་བཞི”སྒྲོག་འགྲེལ་གཏིང་ཟབ་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-05 12:08:54

QQ截图20170705111752.png

↑ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་ནོར་འཛིན་རྒྱལ་མཚན་སྒོ་ར་ཆེ་མོ་ཤར་མ་ནི་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེ་མོ་ཞིག་ཡིན་ལ། དམག་དམངས་མཉམ་སྐྲུན་གྱི་ཤེས་དཔལ་ལྡན་པའི་སྒོ་ར་ཆེ་མོ་ཞིག་ཀྱང་རེད། སྒོ་ར་ཆེ་མོ་དེའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་མཉམ་དུ་བསྡད་ཡོད་པ་དང་། མི་རིགས་ཁག་གི་སྤུན་ཟླ་ཚོ་མཐུན་སྒྲིལ་དགའ་གཅེས་དང་འཆམ་མཐུན་མཉམ་གནས་བྱས་པར་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་སྔོན་ཐོན་མི་རིགས་ཀྱི་སྒོ་ར་ཆེ་མོར་ཐེངས་མང་འདེམས་མྱོང་ཡོད། འདི་ནི་ནོར་འཛིན་རྒྱལ་མཚན་སྒོ་ར་ཆེ་མོར་སྡོད་མཁན་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་གྲོང་མིས་སྒོ་ར་དོ་དམ་བྱེད་པའི་ཐད་མཉམ་དུ་གྲོས་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཡས་གཡོན་དང་གོང་འོག་གང་སར་ཁྱབ་རྒྱུར་སྔར་བས་སྐུལ་མ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སྐད་འཕྲིན་གྱི་ལས་སྟེགས་ལ་བརྟེན་ནས་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་ནུས་པ་གང་ལེགས་སྤྱད་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་ནས་འབྲས་བུ་ཐོན་པ་རེད།

རིན་སྤུངས་རྫོང་གིས་རྫོང་ཡོངས་ཀྱི་ཕྱིར་གླ་པར་སྐྱོད་པའི་ཞིང་འབྲོག་པ་ཁ་ཐོར་དང་གཅིག་སྡུད་བྱེད་དཀའ་བའི་དོན་དངོས་ལ་དམིགས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་73གྱི་གྲོང་སྡོད་ལས་དོན་རུ་ཁག་སྐུལ་སློང་བྱས་ཏེ་ཕྱིར་གླ་པར་སྐྱོད་མཁན་དང་དེ་བཞིན་གྲོང་ཚོའི་མང་ཚོགས་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལས་ཀའི་སྐད་འཕྲིན་ཚོགས་པ་བཙུགས་ཤིང་། ཚོགས་གཙོས་ཉིན་རེའི“རིན་སྤུངས་རྫོང་གི་ཡོངས་བསྒྲགས”ནང་དོན་དང་དེ་བཞིན་ཤང(གྲོང་རྡལ)གཞན་གྱིས་སྤེལ་བའི་བྱེད་སྒོའི་གནས་ཚུལ་ཚོགས་པའི་ནང་སྐུར་བའི་འགན་ཁུར་ནས་ཕྱིར་གླ་པར་སྐྱོད་མཁན་ལ་དུས་དང་རྣམ་པ་ཀུན་ཏུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་རང་གི་ཉེ་འགྲམ་དུ་སྤེལ་བའི་ཚོར་སྣང་བྱིན་པ་དང་དུས་མཚུངས། ཕ་ཡུལ་གྱི་འགྱུར་ལྡོག་སྐད་འཕྲིན་ཚོགས་པ་བརྒྱུད་ཕྱིར་གླ་པར་འགྲོ་མཁན་རིན་སྤུངས་བ་ཚང་མས་རྟོགས་པར་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རིན་སྤུངས་རྫོང་གིས་སྲིད་འཛིན་གྲོང་ཚོ་73ཚང་མར་སྐོར་སྐྱོད་ཞིང་འབྲོག་པའི་སྒྲོག་འགྲེལ་ལས་ཀའི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་འབྲེལ《སྐོར་སྐྱོད་ཞིང་འབྲོག་མང་ཚོགས་ཀྱི་སྐད་འཕྲིན་ཚོགས་པའི་དོ་དམ་བྱ་ཐབས》ཀྱང་བཟོས་ཏེ་སྐད་འཕྲིན་ཚོགས་པའི་སྒྲོག་འགྲེལ་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ལུགས་མཐུན་ཅན། རྒྱུན་རྣམ་ཅན་བཅས་སུ་དངོས་འབྲེལ་གྱུར་པར་བྱས་པ་རེད། མིག་སྔའི་བར་སྐད་འཕྲིན་ཚོགས་པས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་པར་རིས་668དང་། སྐད་ལམ་གྱི་སྒྲོག་འགྲེལ་དཔྱད་གཞི་222 སྒྲོག་འགྲེལ་སྦྲེལ་མཐུད་76 འབྲེལ་ཡོད་བརྙན་ཐུང་19བཅས་སྐད་འཕྲིན་ནང་བཏང་བ་རེད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་རྣམ་གླིང་རྫོང་གིས་ཆེད་མི་མངགས་ནས་སྐད་འཕྲིན་སྤྱི་རྟགས“རྣམ་གླིང་རྫོང་གི་སྤྱི་བསྒྲགས”ནང་དོན་གཏོང་བའི་འགན་འཁུར་དུ་བཅུག་ཅིང་། གཏོང་མཁན་གྱིས་ཉིན་ལྟར་ཤང(གྲོང་རྡལ)ཁག་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ་ལེགས་སྒྲིག་བྱས་ནས་སྐད་འཕྲིན་སྤྱི་རྟགས་ནང་བཏང་སྟེ་མི་དེ་བས་མང་བར་རྣམ་གླིང་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ་ཤེས་སུ་འཇུག་གི་ཡོད། མིག་སྔའི་བར་རྣམ་གླིང་རྫོང་གིས“རྣམ་གླིང་རྫོང་གི་སྤྱི་བསྒྲགས”བརྒྱུད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་ཡོད་ཆ་འཕྲིན་ཁྱོན་126བཏང་བ་དང་ལྟ་མཁན་མི་ཐེངས་ཁྲི་5.2ལྷག་ཙམ་ཟིན་ནས་ཤང(གྲོང་རྡལ)ཁག་དབར་སྤེལ་རེས་དང་སློབ་སྦྱོང་ལ་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་བརྒྱུད་སྤེལ་གྱི་ལེགས་ཆ་གང་ལེགས་སྤྱད་ནས་དྲ་དམངས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་དཔེ་མཚོན་གྱི་བྱ་བ་སྔར་བས་མང་བ་བསྔོགས་པ་དང་། སྐད་འཕྲིན་གྱི་བརྙན་ཐུང་བཟོ་བ། H5གསར་སྤེལ་སོགས་ལ་འབད་བརྩོན་བྱས་ནས་དྲ་འཕྲིན་ལས་ཀའི་སྟོབས་ཤུགས་སྐུལ་སློང་དང་གཅིག་འདུས་ཀྱིས་ཁྱད་ལྡན་གྱི་དྲིལ་བསྒྲགས་བྱ་ཐབས་བཏོད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚ་རླབས་འཕྱུར་བར་བྱ་རྒྱུ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།