སོག་རྫོང་གིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉེ་དུས་པེ་ཅིང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་རིཌ་གཅིག་མཁས་ཅན་ཚོས་སོག་རྫོང་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་བརྟག་དཔྱད་བྱས་པ་རེད།

བྱེད་སྒོ་སྤེལ་རིང་པེ་ཅིང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་ནས་བཏང་བའི་རིགས་གཅིག་མཁས་ཅན་4ཡིས་སྔ་རྗེས་སུ་སོག་རྫོང་སློབ་འབྲིང་དང་།རོང་པོ་གྲོང་རྡལ་དང་།རྒྱལ་ཆེན་ཤང་།དཀར་མོ་ཤང་།ཁྲི་རྟོ་ཤང་།ལྕགས་མདའ་ཤང་བཅས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་བྱས་པ་རེད།རིགས་གཅིག་མཁས་ཅན་གྱིས་སློབ་མའི་གནས་ཚུལ་ཞིབ་ཕྲ་འདྲི་བ་དང་།ཐོག་མའི་ཉན་བརྟག་བྱས་འབྲས་དང་ཁྲག་རིགས་ཀྱི་འདྲ་དཔེ་ལེན་པ་དང་དེ་བཞིན་ནད་རྟགས་གཏན་འཁེལ་མ་ཐུབ་པའི་སློབ་མར་ཚོན་ལྡན་སྒྲ་རླབས་ཐོག་ནས་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གཏན་འཁེལ་བྱས་ཤིང་།བསྡོམས་རྩིས་ལ་གཞིགས་ན།རིགས་གཅིག་མཁས་ཅན་གྱིས་ཁྱོན་བྱིས་པ་1000ལྷག་ཙམ་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་17གཏན་འཁེལ་ཐུབ་པ་དེ་དག་པེ་ཅིང་དུ་སྨན་བཅོས་བྱེད་པར་ཁྲིད་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།