ཤན་རྩ་རྫོང་མི་དམངས་དྲག་ཆས་པུས་དུས་ཆེན་གྱི་དམག་གྲབས་ནང་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

བཅའ་སྡོད་ཁུལ་གྱི་དུས་ཆེན་རིང་གི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་འགན་ལེན་དང་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་ཆེད།ཉེ་ཆར་ཤན་རྩ་རྫོང་མི་དམངས་དྲག་ཆས་པུས་དངོས་འཐབ་ཀྱི་ཇུས་གཞིར་གཞིགས་ནས་ཡུལ་དམག་སྒྲིག་འཛུགས་བྱས་ཏེ་གཏུམ་འགོག་བརྟན་སྲུང་གི་ནང་སྦྱོང་བྱས་པ་རེད།

རྫོང་དེའི་མི་དམངས་དྲག་ཆས་པུས་མཚོན་ཆའི་མཛོད་ཁང་དང་།དམག་སྒར་གྱི་རྒྱལ་སྒོ།རྫོང་ཨུད་ལས་ཁུངས་སོགས་གཙོ་གནད་ཁུལ་དུ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་ཁུལ་བྱས་ནས་ཁ་གཏད་གཅོག་ཐབས་སྤྱད་པ་དང་ཆབས་ཅིག་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཇུས་གཞི་ལེགས་སྒྲིག་བྱ་རྒྱུར་རྒྱུན་ཆད་མེད་པར་ཞིབ་འཇུག་དང་ཇུས་གཞི་འཐུས་འཚང་དུ་བཏང་ནས་དེ་ཉིད་ལུགས་མཐུན་ཅན་དང་།ཚན་རིག་ཅན།དངོས་སྤྱོད་ཅན་བཅས་སུ་འགྱུར་བ་བྱས་པ་དང་འབྲེལ།གཏུམ་རྒོལ་དང་བརྟན་སྲུང་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་བས།ཡུལ་དམག་ཚོའི་གཏུམ་རྒོལ་གྱི་ནུས་པ་དང་དམག་གྲབས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།