ནག་ཆུས“དགུ་ལྡན”འདུ་འགོད་དོན་འཁྱོལ་བྱས་པས་གྲྭ་བཙུན་ལ་ཕན་པ་ཐོབ་པ།

| 2014-12-18 00:15:16

“སྔོན་ཆད་ཀྱི་དགོན་རྙིང་རི་འདབས་སུ་གནས་པ་དང་རི་སྟེང་ནས་རྡོ་ལྷུང་ཚེ་ཁང་པའི་ཐོག་བརྟོལ་བས་བདེ་འཇགས་མེད།དགོན་སྡེ་དོ་དམ་ཨུ་ལྷན་གྱི་རོགས་རམ་འོག་ད་ཆ་དགོན་པ་གསར་བཞེངས་བྱས་ཏེ་ཕྱོགས་ཁག་གི་ཆ་རྐྱེན་ཚང་མ་ཡག་པོ་ཡོད་པས་གྲྭ་བཙུན་རྣམས་བློ་བདེའི་ངང་བློ་སྦྱོང་བྱེད་ཆོག་པས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་ནག་ཆུ་ས་ཁུལ་སོག་རྫོང་རྒྱ་བ་རིགས་ལྔ་བཙུན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་བཟང་མོས་གསར་འགོད་པར་བཤད་བྱུང་།

ངོ་སྤྲོད་བྱས་པར་གཞིགས་ན།རྒྱ་བ་རིགས་ལྔ་བཙུན་དགོན་དེ་སོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་20ཡོད་པའི་རི་འདབས་སུ་གནས་པ་དང་ཡུན་རིང་ཉམས་བཟོ་མ་བྱུང་བའི་དབང་གིས་དགོན་པའི་བསྐྲུན་དངོས་གོག་ཧྲུལ་དུ་གྱུར་བ་མ་ཟད།ས་ངོས་མི་སྙོམས་པ་དང་ཉེན་ཁ་ཆེ་ཁར་དགུན་དུས་གངས་འཁྱགས་དང་།དབྱར་དུས་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་ཐོན་ནས་འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད་པ་རེད།

དགོན་སྡེའི་གྲྭ་བཙུན་ཡོངས་ཀྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇཊ་འགན་ལེན་བྱེད་པ་དང་འཚོ་བ་འགན་སྲུང་བྱ་ཆེད།འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་དགོན་པས་མ་དངུལ་སྒོར་ཁྲི་200ཙམ་གྲབས་གསོག་བྱས་ནས་བསྐྱར་བསྐྲུན་བྱས།བསྐྱར་སྐྲུན་བྱས་རྗེས་ཀྱི་རྒྱ་བ་རིགས་ལྔ་བཙུན་དགོན་གནས་ཡུལ་འདེམས་རྒྱུ་སྔར་བས་ལུགས་མཐུན་བྱུང་ནས་དགོན་སྡེ་ཡངས་ཤིང་དཀར་ཆ་དོད་པ་དང་བཀོད་པ་ལེགས་པ་མ་ཟད།ད་དུང་ཁོད་སྙོམས་པའི་འགྲོ་ལམ་བསྐྲུན་པ་དང་ཆུའི་གནད་དོན་ཡང་ཐག་གཅོད་བྱས་པས་རྒྱ་ཆེའི་གྲྭ་བཙུན་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

རྒྱ་བ་རིགས་ལྔ་བཙུན་དགོན་དོ་དམ་ཨུ་ལྷན་གྱི་ཨུ་ཡོན་ཨ་ཕྱིས“ང་ཚོ་རྒྱ་བ་རིགས་ལྔ་བཙུན་དགོན་དུ་ཞུགས་ནས་ལོ་གསུམ་སོང་བ་དང་།དེའི་རིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་གྲྭ་བཙུན་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་གྲྭ་བཙུན་ཚོའི་འཚོ་བའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པས་ནག་ཆུ་ས་ཁུལ་དང་སོག་རྫོང་གིས་སྤྲད་པའི་ཞི་མཐུན་དགོན་པའི་བྱ་དགའ་ཐེངས་མང་ཐོབ་བྱུང་།ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་གྲྭ་བཙུན་ཚོ་དང་མཉམ་དུ་འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་བྱས་ཏེ་ཏང་གི་ཆོས་ལུགས་སྲིད་ཇུས་སྔར་བས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན།ནག་ཆུ་ས་ཁུལ་གྱིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་བས་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད།མིག་སྔའི་བར་ནག་ཆུ་ས་ཁུལ་གྱིས་དགོན་སྡེར“དགུ་ལྡན”འདུ་འགོད་དོན་འཁྱོལ་བྱ་ཆེད།ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5ཙམ་བཏང་ཞིང་།དེའི་ནང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཞུང་ལམ་བསྐྲུན་རྒྱུའི་ལས་གྲྭ་ཁྱོན་211དོན་འཁྱོལ་བྱས་པས་གྲྭ་བཙུན་3795ལ་ཕན་པ་ཐོབ་པ་དང་།དགོན་སྡེར་འཐུང་ཆུའི་འདུ་འགོད་ཁག་134དོན་འཁྱོལ་བྱས་པས་གྲྭ་བཙུན་3600ལ་ཕན་པ་ཐོབ་པ།དགོན་སྡེ་202ལ་གློག་ཤར་གཏོང་ཐུབ་པ་བྱས་པས་གྲྭ་བཙུན་3313ལ་ཕན་པ་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།