ནག་ཆུ་ས་ཁུལ་གྱིས“བྱང་ཐང་གི་རལ་གྲི——2014”མཉམ་འབྲེལ་ནང་སྦྱོང་བྱས་པ།

ང་་ད་་གསར་འར་་གས།

| 2014-12-18 00:15:16

ནུས་ལྡན་ངང་གྲོང་ཁྱེར་གྱི་གཏུམ་སྤྱོད་འཇིགས་སྐུལ་དོན་རྐྱེན་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་།ནག་ཆུ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྟོབས་ཤུགས་ཁག་ཞིབ་བཤེར་དང་དངོས་འཐབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།གཏུམ་སྤྱོད་འཇིགས་སྐུལ་དོན་རྐྱེན་དང་དེའི་ཤུགས་རྐྱེན་གྱི་ཁྱབ་ཁོངས་ཆུང་ཤོས་དང་ཚད་གཞི་ཆུང་ཤོས་ཀྱི་སྒོ་ནས་ཚོད་འཛིན་མཐའ་གཅིག་ཏུ་བྱེད་པའི་ནག་ཆུ་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་ལེན་བྱ་ཆེད།ཟླ་3ཚེས་13ཉིན་གྱི་སྔ་དྲོ“བྱང་ཐང་གི་རལ་གྲི——2014”ཞེས་པའི་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་དོན་རྐྱེན་ལ་ངོ་རྒོལ་བྱེད་པའི་ནང་སྦྱོང་ནག་ཆུ་ས་ཁུལ་རྟ་རྒྱུག་ཐང་ཆེན་དུ་བྱས་པ་རེད།

སྔ་དྲོའི་ཆུ་ཚོད་10ཙམ་ལ་ནང་སྦྱོང་དངོས་སུ་འགོ་ཚུགས་པ་དང་།“གཏུམ་སྤྱོད་པས”མེ་མདའ་དང་གྲི་འཁྱེར་ནས་འགྲུལ་སྐྱེལ་ས་ཚིགས་ཤིག་གི་ཕྱིར་གང་བྱུང་དུ་གྲི་རྒྱག་པ་དང་གསོད་པ་སོགས་ཀྱི་རྣམ་པ་ཟང་ཟིང་ཞིག་འདྲ་བཟོ་བྱས་ཡོད།

བཀའ་འབྱོར་མ་ཐག་གནས་ཚུལ་ཐོན་ཡུལ་དང་ཐག་ཉེ་ཤོས་ཀྱི་ནག་ཆུ་གྲོང་རྡལ་ཉེས་དོན་ས་ཚིགས་ཀྱི་ཉེན་རྟོག་པ་4སྐར་མ་3ནང་གནས་ཚུལ་ཐོན་ཡུལ་དུ་འབྱོར་ནས་བཀག་སྡོམ་ཚོད་འཛིན་བྱས་པ་དང་།“མེ་མདའ་འཁྱེར་བའི་གཏུམ་སྤྱོད་པ”གཅིག་ས་གནས་ས་ཐོག་ཏུ་བསད་པ་དང“གྲི་འཁྱེར་བའི་གཏུམ་སྤྱོད་པ”གཅིག་ལ་རྨས་སྐྱོན་བཏང་བ་རེད།བཀའ་འབྱོར་བའི་ནག་ཆུ་གྲོང་རྡལ་རིག་གནས་ལམ་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་16ཀྱང་འཕྲལ་མར་དཔུང་རོགས་སུ་བསྐྱོད་དེ་དུས་བབ་ཚོད་འཛིན་བྱས་ནས“གཏུམ་སྤྱོད་པ”5ས་ཚུགས་ཀྱི་ཁང་ཆུང་ཞིག་ནང་བཀར་བཅུག་བྱས།

བཀའ་འབྱོར་བའི་ནག་ཆུ་ས་ཁུལ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་དང་།དྲག་ཆས་ཉེན་རྟོག་ནག་ཆུ་ཉིང་ལག་རུ་ཁགའགྲིམ་འགྲུལ་ཉིང་ལག་རུ་ཁགམེ་ཟོན་ཉིང་ལག་རུ་ཁག་བཅས་ཀྱི་ལས་བྱེད་ཉེན་རྟོག་པ་ཚོའང་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་།འགོག་རྒོལ་མཁྲེགས་བཟུང་གི“གཏུམ་སྤྱོད་པ”རྣམས་འཛིན་བཟུང་བྱས་པ་རེད།ཉེས་དོན་མྱུལ་ཞིབ་དང་།རྒྱལ་སྲུང་།ལག་རྩལ་མྱུལ་ཞིབ་སོགས་སྡེ་ཚན་གྱིས་ལག་རྩལ་སྣ་ཚོགས་ཐོག་ནས་མྱུལ་ཞིབ་བྱེད་པའི་ལས་དོན་འཕྲལ་མར་སྤེལ་བ་དང་།གནས་ཚུལ་ཐོན་ཡུལ་དུ་བརྟག་དཔྱད་དང་སྐད་ཆ་དྲིས་པ་བརྒྱུད་ས་གནས་ས་ཐོག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ་མ་ཟད་འཕྲལ་མར་གོང་ཞུ་བྱས་པ་རེད།དེ་རྗེས་འབྱོར་བའི་འཕྲོད་བསྟེན་སྨན་བཅོས་སྡེ་ཚན་གྱིས་རྨས་སྐྱོན་ཕོག་པའི་ཉེས་མེད་མང་ཚོགས་མྱུར་སྐྱོབ་སྨན་བཅོས་བྱས་པ་མ་ཟད།རྨས་སྐྱོན་ཚབས་ཆེ་ཆུང་ལ་གཞིགས་ནས་དུས་ཐོག་ཏུ་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།དེ་དང་ཆབས་ཅིག་གནས་ཚུལ་ཐོན་ཡུལ་གྱི་གཡས་གཡོན་དུ་བཀོད་སྒྲིག་ཚོད་འཛིན་ཁྱོན་ཡོངས་ནས་བྱས་ཤིང་།བཀའ་འབྱོར་བའི་ནག་ཆུ་གྲོང་རྡལ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཁག་གིས་ཀྱང་འཕྲལ་མར་གཞུང་ལམ་བཀག་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་བདེ་འཇགས་ཞིབ་བཤེར་བྱས་པ་དང་མངགས་གཏོང་ཁང་ཁག་དང་།དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁགསྐོར་ཞིབ་ཉེན་རྟོག་པ་དང་ཚན་པ་ཁགགྲོང་ཚོ(གྲོང་ལྷན)ཨུ་ཡོན་ལྷན་ཁང་བཅས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི“དཔུང་རྟགས་དམར་པོའི”སྟོབས་ཤུགས་ཀྱིས་ཀྱང་འཕྲལ་མར་བྱ་སྤྱོད་སྤེལ་ནས་དོགས་ཡོད་མི་སྣར་གྲལ་བཤེར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོགགཞི་ཁྱོན་ཤིན་ཏུ་ཆེ་བའི་མཉམ་འགོག་དང་མཉམ་དུ་ཚོད་འཛིན་གྱི་གཏུམ་སྤྱོད་དང་འཇིགས་སྐུལ་དོན་རྐྱེན་ལ་ངོ་རྒོལ་བྱེད་པའི་ནང་སྦྱོང་དེ་ནག་ཆུ་གྲོང་རྡལ་དུ་ཁྱོན་ཡོངས་ནས་སྤེལ་བ་རེད།

འབྲེལ་ཡོད་འགོ་ཁྲིད་དང་ལྗོངས་ཏང་ཨུད་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལྟ་སྐུལ་ཚོགས་ཆུང་དྲུག་པའི་ཁོངས་མིས་མཉམ་དུ་ནང་སྦྱོང་ལ་བལྟས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།