ནག་ཆུས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:17:20

ན་ནིང་ནས་བཟུང་ནག་ཆུ་ས་ཁུལ་གྱི་འཕྲོད་བསྟེན་ལས་དོན་དེ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་གནས་བབ་ཨང་དང་པོའི་ཐོག་ཐོག་མཐའ་བར་གསུམ་དུ་བཞག་ནས་ད་ཡོད་ཀྱི་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱེད་པ་དང་།མཁོ་གལ་ཆེ་བའི་འགག་རྩའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ།གཞི་རིམ་གྱི་འཕྲོད་བསྟེན་ལག་རྩལ་ཤེས་ལྡན་མི་སྣར་གསོ་སྦྱོང་ཤུགས་ཆེན་བྱེད་པ།ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་།“ནང་དུ་གདན་དྲངས་པ་དང་ཕྱིར་སྐྱོད་པ་དང་།རིགས་པའི་གཞུང་ལུགས་དང་ལག་ལེན།ལྗོངས་ནང་ཁུལ་དང་ལྗོངས་ཕྱི”བཅས་གསུམ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཞིབ་ཕྲའི་ལག་བསྟར་བྱེད་རིང་ནག་ཆུ་ས་ཁུལ་གྱིས་ནང་དུ་གདན་དྲངས་པ་དང་ཕྱིར་སྐྱོད་རྒྱུ་ཟུང་འབྲེལ་བྱས་ཤིང་།ཕྱོགས་གཅིག་ནས་ས་ཁུལ་དེ་ཡོངས་ཀྱི་རྫོང་ཁག་གིས་རང་སྐྱོང་ལྗོངས་རིམ་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་སྨན་བཅོས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྒོ་རྩར་གསོ་སྦྱོང་ངམ་ཡང་ན་ཕུལ་བྱུང་གི་སྨན་དོན་མི་སྣ་རང་སྐྱོང་ལྗོངས་སུ་ཟབ་སྦྱོང་བྱ་རྒྱུར་འདེམས་གཏོང་བྱེད་པའི་བྱེད་ཐབས་བརྒྱུད་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།ཕྱོགས་གཞན་ཞིག་ནས་ནག་ཆུ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་གྲོང་ཚོའི་སྨན་པ་ཆོག་འཐུས་ཡིག་རྒྱུགས་ནང་ཞུགས་སུ་བཅུག་པ་མ་ཟད།“གྲོང་གསེབ་སྨན་པའི་ལས་གཉེར་ལག་ཁྱེར”ཐོབ་པའི་ཕུལ་བྱུང་གྲོང་གསེབ་སྨན་པ་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་མཐུན་ཚོགས་སུ་ཁག་བགོས་ཀྱིས་ཆེད་ལས་རྩལ་ནུས་སློབ་སྦྱོང་བྱེད་པར་མངགས་པས་སྨན་བཅོས་ནད་སྐྱོང་མི་སྣའི་ཆེད་ལས་ཀྱི་ལག་རྩལ་མཐོ་རུ་ཕྱིན་ཡོད་པ་རེད།

རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་རིང་ནག་ཆུ་ས་ཁུལ་གྱིས་ས་ཁུལ་དང་།རྫོང་།ཤང(གྲོང་རྡལ)བཅས་སུ་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཁྱོན་དུས་ཐེངས་38གཉེར་ནས་རིགས་ཁག་གི་སྨན་དོན་མི་སྣ་མི་ཐེངས་1315ལ་གསོ་སྦྱོང་བྱས་ཤིང་།དུས་ཐེངས་ཚང་མའི་གསོ་སྦྱོང་བྱེད་རིང་ནག་ཆུ་ས་ཁུལ་གྱིས་ད་དུང་སློབ་མའི་སྤྱི་ཡོངས་ཀྱི་ཆེད་ལས་ཆུ་ཚད་དང་ཞབས་འདེགས་ཞུ་ཡུལ་དང་ཟུང་འབྲེལ་གྱིས་གསོ་སྦྱོང་གི་ནང་དོན་ལུགས་མཐུན་བཀོད་སྒྲིག་དང་རིགས་པའི་གཞུང་ལུགས་འཆད་ཁྲིད་བྱེད་པ་དང་ཆབས་ཅིག་ལག་ལེན་གྱི་རྩལ་ནུས་བཀོལ་སྤྱོད་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཡོད།གསོ་སྦྱོང་གི་ཕན་འབྲས་མཐོ་རུ་དང་གསོ་སྦྱོང་བྱེད་ཁྱོན་ཆེ་རུ་གཏོང་ཆེད།ནག་ཆུ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་ད་དུང་རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་ནང་དོན་འོད་སྡེར་ནང་ཕབ་ནས་གསོ་སྦྱོང་གི་སློབ་གཞིར་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་འབྲེལ་ཡོད་ཆེད་ལས་མི་སྣར་སྤྲད་ཡོད་པ་རེད།

ས་ཁུལ་དེ་ཡོངས་ཀྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད།ནག་ཆུ་ས་ཁུལ་གྱིས་ད་དུང་ལྗོངས་ཕྱི་ནང་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་ཀྲེ་ཅང་དང་ལེའོ་ཉིང་ཞིང་ཆེན་གཉིས་དང་དེ་བཞིན་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཆེ་གྲས་ལྔ་ཡིས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་པོ་གང་ལེགས་སྤྱད་དེ་ཧ་ཅང་དཀོན་པའི་ཆེད་ལས་རྐང་འཛིན་པ་ལྗོངས་ཕྱིའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྨན་ཁང་དུ་ལོ་ཕྱེད་ཡན་གྱི་ཆེད་ལས་གསོ་སྦྱོང་བྱ་རྒྱུར་འདེམས་གཏོང་བྱས་པ་དང་ཆབས་ཅིག་ཆེད་ལས་དང་ཟུང་འབྲེལ་གྱིས་དུས་ཐུང་གི་ཆེད་ཚན་ལག་རྩལ་གསོ་སྦྱོང་དང་རིག་གཞུང་སྤེལ་རེས་ཀྱང་བྱས་ཡོད།ས་ཁུལ་དེ་ཡོངས་ཀྱིས་སྔ་རྗེས་སུ་མི་ཐེངས་20ལྷག་ཙམ་ལྗོངས་ཕྱིའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྨན་ཁང་དུ་ལོ་ཕྱེད་ཡན་གྱི་ཟབ་སྦྱོང་བྱེད་པར་འདེམས་གཏོང་བྱས་པ་དང་ལོ་ལྟར་མི་ཐེངས་30ཡན་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དུས་ཐུང་གསོ་སྦྱོང་ནང་ཞུགས་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།