སྙན་རོང་རྫོང་གིས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་པ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་གྱི་གྮོག་རྡུལ་པར་མ།

| 2016-12-01 11:42:46

QQ截图20161201114022.png

འདི་ག་ཚགས་པར་ཁང་དུ་སྙན་རོང་ནས་གློག་འཕྲིན་འབྱོར་གསལ།   སྙན་རོང་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་འགན་ལེན་དང་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ཉེ་དུས་སྙན་རོང་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་སྒོ་རྩིས་ཚོང་ཁང་2དང་བཟའ་བཏུང་ཁང་8སོགས་ཞབས་ཞུའི་ཚན་པར་བདེ་འཇགས་ཞིབ་བཤེར་བྱས་ནས་བཟའ་བཏུང་ཞབས་ཞུའི་ཚན་པས་སྤྱོད་པའི་རྒྱ་ཁོག་གི་སྣུམ་རྒྱུ་སོགས་ཀྱི་རྒྱུ་ཆར་གཙོ་གནད་ཞིབ་བཤེར་བྱས་པ་དང་དེའི་ཚོང་རྟགས་དང་། ཐོན་ཡུལ། ཉོ་སྒྲུབ་ཐབས་ལམ་སོགས་འབྲེལ་ཡོད་ཆ་འཕྲིན་གསལ་པོ་བཟོས་པ་མ་ཟད། རྒྱུ་ཆ་ཉོ་སྒྲུབ་ཀྱི་ཐོ་འགོད་དང་། དཔང་འཛིན།   བེད་སྤྱོད་ཐོ་འགོད་སོགས་ལ་ཞིབ་བཤེར་ཡང་བྱས་པ་རེད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སྙན་རོང་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་མུ་མཐུད་སྤེལ་ནས་བདེ་འཇགས་ཐད་མི་མངོན་པའི་རྐྱེན་ངན་གནས་པའི་བཟའ་བཅའ་གཉེར་སྐྱོང་ཚན་པ་ཞིབ་བཤེར་བྱ་ཡུལ་གཙོ་བོར་བརྩིས་ཏེ《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།