སྙན་རོང་རྫོང་གིས་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་བཏོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ནང་སྙན་རོང་རྫོང་གིས་གཏན་འབེབས་བྱ་སྤྱོད་ནན་ཏན་ངང་བསྒྲུབས་པ་དང་།དོན་དངོས་ལ་གཞི་ཚུགས་པ།ཏང་ཡོན་ལས་བྱེད་པ་ཞུགས་བདེ་བ་དང་མང་ཚོགས་ལྟ་འདོད་ཉན་སྤྲོའི་བྱེད་སྒོའི་གཞི་རྟེན་ཧུར་ཐག་གཏོད་པ་བཅས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱུན་ཆད་མེད་པར་བཏོད་དེ་བྱེད་སྒོར་དངོས་ཕན་ཐོབ་པ་བྱས་པ་རེད།

སྙན་རོང་རྫོང་གི་འབྲོག་པ་སྡོད་གནས་ཁ་ཐོར་ཡིན་པ་དང་།འགྲིམ་འགྲུལ་སྟབས་བདེ་མེད་པ།ཆ་འཕྲིན་གསང་པོ་མེད་པ།རིག་གནས་ཆུ་ཚད་དམའ་བ།འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོའི་ཆེད་ལག་ཁྱེར་འགྲོ་ལུགས་གཉེར་བ་དང་དཔང་ཡིག་འབྲི་སྟབས་མི་བདེ་བས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ལ་དཔལ་འབྱོར་གྱི་ཁུར་པོ་ཡང་ལྕི་རུ་ཕྱིན་ཡོད།སྙན་རོང་རྫོང་གིས“མང་ཚོགས་ཀྱིས་རེ་བ་བཏོན་རྗེས་ལས་བྱེད་པས་སྒྲུབ་རོགས་བྱེད་པའི”ལས་ཀའི་ལམ་སྲོལ་བཟོས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་བློ་བདེའི་ངང་ཐོན་སྐྱེད་བྱེད་པ་དང་།ཁུར་པོ་ཡང་དུ་གཏོང་བ།བྱ་བ་སྒྲུབ་བདེ་རུ་གཏོང་བ་བཅས་བྱ་ཆེད་ལག་ཁྱེར་གཉེར་བ་དང་།དཔང་ཡིག་འབྲི་བ།མ་དངུལ་རྩིས་ཞུ་དང་དམངས་ཕན་གྱི་མ་དངུལ་ལེན་པ་སོགས་ཀྱི་བྱ་བ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་།གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ།ཤང་གྲོང་ལས་བྱེད་པ་བཅས་ལ་སྤྲད་དེ་མང་ཚོགས་དང་འབྲེལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

བྱེད་སྒོའི་ནང་སྙན་རོང་རྫོང་སྤྱི་བདེ་ཅུས་ཀྱིས་གཡུ་མཆོག་དང་ཁྲ་འདམ་ཤང་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་དོན་དངོས་ལ་དམིགས་ནས་རང་འགུལ་ངང་གྲོང་ཚོར་བསྐྱོད་དེ་ཐེམ་དུད་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་ནས་མང་ཚོགས་ལ་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟོ་རོགས་བྱས་པ་རེད།སྙན་རོང་རྫོང་དམངས་སྲིད་ཅུས་དང་འཕྲོད་བསྟེན་ཅུས་ཀྱིས“གྱོན་གོས་གསར་པ་སྤྲོད་པ་དང་སྨན་བཅོས་བྱེད་པའི”བྱེད་སྒོ་སྤེལ་ནས་སྙན་རོང་རྫོང་གི་འགན་ལེན་ལྔའི་དུད་ཚང་གི་བགྲེས་སོང་204ལ་བོད་ཆས་གསར་པ་སྤྲད་པ་དང་རྫོང་གྲོང་དུ་སྡོད་པའི་མི་ཧྲེང་རྒན་རྒོན་30ལ་རྒྱུན་གཏན་གྱི་གཟུགས་པོར་བརྟག་དཔྱད་བྱས་པ་རེད།

སྙན་རོང་རྫོང་གི་རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་འགྱུར་ལྡོག་བཏང་ནས་གཞུང་དོན་བསྒྲུབ་ས་འབྲོག་རར་སྤོས་པ་དང་།ལུས་པོ་ཚུགས་པ་དང་སེམས་པ་གནས་པ་བྱེད་པ།རང་འགུལ་ངང་གཞི་རིམ་དུ་སྐྱོད་པ་བཅས་བྱས་ཏེ་གཞི་རིམ་གྱི་དཀའ་ངལ་ཐག་གཅོད་བྱས་ནས་འཐབ་ཕྱོགས་དང་པོར་ཤུགས་སྣོན་དང་།བརྩེ་སེམས་འཐབ་ཕྱོགས་དང་པོར་འཆང་བ།ལས་བྱེད་པ་འཐབ་ཕྱོགས་དང་པོར་ཞིབ་དཔྱད་བྱེད་པ།གཟུགས་བརྙན་འཐབ་ཕྱོགས་དང་པོར་གཏོད་པ།སྲིད་ཇུས་འཐབ་ཕྱོགས་དང་པོར་གཏོད་པ།གནས་ཚུལ་འཐབ་ཕྱོགས་དང་པོ་ནས་རྟོགས་པ།གནད་དོན་འཐབ་ཕྱོགས་དང་པོ་ནས་ཐག་གཅོད་བྱེད་པ་བཅས་བྱས་པ་རེད།

ཟླ་བ་2པར་སྙན་རོང་རྫོང་གི་འགོ་ཁྲིད་གཙོ་བོས་སྣེ་འཁྲིད་དེ་དགོན་པར་བསྐྱོད་ནས་རྒྱ་ཆེའི་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ་དང་།ཏང་གི་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ།གྲྭ་བཙུན་ལ་སྐྱེས་སྐར་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ལ་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་པ་རེད།སྙན་རོང་རྫོང་འཕྲོད་བསྟེན་ཅུས་ཀྱི་ལས་དོན་མི་སྣས་གཡུ་མཆོག་ཤང་གི་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་ཀྱི་སྨན་རིན་སྒོར་ཁྲི་4.6ལྷག་ཙམ་རྩིས་ཞུ་བྱས་པ་རེད།

སྙན་རོང་རྫོང་སྲིད་གཞུང་གིས་སྒོར་ཁྲི་15དང་ཁྲི་10ཡི་འགན་ལེན་ལྔའི་དུད་ཚང་གི་འཚོ་བཅུད་ལེགས་གཏོང་ཐེབས་རྩ་དང་གྲྭ་བཙུན་དབུལ་པོའི་རོགས་སྐྱོར་ཐེབས་རྩ་བཟོས་ཏེ་མི་ཧྲེང་རྒན་རྒོན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་གྲྭ་བཙུན་དབུལ་པོའི་སྨན་བཅོས་རོགས་སྐྱོར་བྱེད་པའི་ཐད་སྤྱད་པ་རེད།བསྡོམས་རྩིས་བྱས་པར་གཞིགས་ན།ཏང་ཡོན་ལས་བྱེད་པ་1315དང་མང་ཚོགས་དུད་ཚང་918དབར་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ་དང་།མང་ཚོགས་ལ་བྱ་བ་དངོས་116སྒྲུབ་པ།མ་དངུལ་སྒོར་ཁྲི་196.87དོན་འཁྱོལ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།