སྙན་རོང་རྫོང་གིས་ལུགས་མཐུན་ངང་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ཐབས་མཆོག་བཏོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

དབྱར་རྩྭ་དགུན་འབུ་སྔོག་འཐུའི་རིང་།སྙན་རོང་རྫོང་གིས“གུར་ཕུབ་པའི་ཉིན་མོ་དང་།འབུ་རྐོ་བའི་ཉིན་མོ།ཡུལ་གཞན་ནས་འབུ་རྐོ་ཆོག་པའི་ཉིན་མོ།བོད་ཚེས་བཅོ་ལྔའི་འབུ་འགོག་ཉིན་མོ”བཅས་འགག་རྩ་བཞིར་དམ་འཛིན་བྱས་པ་དང་།སྔོན་འགོག་གི་བྱ་ཐབས་བཀོད་སྒྲིག་དང་དོན་འཁྱོལ་ཧུར་ཐག་བྱས་པ།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།འབུ་སྔོག་འཐུའི་རིང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་རེད།

འབུ་སྔོག་འཐུའི་རིང་སྙན་རོང་རྫོང་གིས་མུ་མཐུད“ནག་ཚོགས་གཏོར་འཇོམས”ཀྱི་ཆེད་དོན་བྱ་འགུལ་གཏིང་ཟབ་སྤེལ་ཏེ་ཤང་དང་།གྲོང་ཚོ།ལམ་ཁ་བཅས་ཀྱི་བཙན་ཤེད་མ་དང་དེ་བཞིན་འབུ་སྔོག་འཐུའི་སྐབས་གྲུབ་པའི་ཤོག་ཁག་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་བཏང་བ་དང་།རྫོང་དང་ཤང་རིམ་པ་ཁག་གིས་ཐབས་མང་བཏོན་ཏེ་ཡུལ་གཞན་ནས་འབུ་འཐུ་མཁན་ཚོར་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བཏང་ནས་དོན་རྐྱེན་དང་རྩོད་གཞི་མི་ཐོན་པ་བྱས་པ་རེད།རྫོང་དང་།ཤང་།གྲོང་ཚོ།དུད་སྦྲེལ།དུད་ཚང་བཅས་རིམ་པ་ལྔ་དབར《དབྱར་རྩ་དགུན་འབུ་སྔོག་འཐུའི་རིང་གི་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་ཡི་གེ》ལ་རིམ་པ་བཞིན་མིང་རྟགས་འགོད་དུ་བཅུག་པ་དང་།རིམ་པས་རིམ་པ་དམ་འཛིན་དང་།རིམ་པས་རིམ་པར་སྐུལ་འདེད།རིམ་པས་རིམ་པ་འགན་ཁུར་ནས་འབུ་རྐོ་སྐབས་ཀྱི་ལས་དོན་ལ་དོ་དམ་བྱ་རྒྱུ་དེ་རིམ་པ་ཁག་གི་ཚན་པ་དང་།འགོ་ཁྲིད་ལས་བྱེད་པ།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག“གཉིས་ལྡན་དུད་སྦྲེལ”གྱི་ལོ་འཁོར་མོའི་དམིགས་ཚད་དཔྱད་དཔོག་བཅས་ཀྱི་ནང་དོན་དུ་བཅུག་སྟེ་གོ་རིམ་གང་ནས་གནད་དོན་ལྷག་ན་རིམ་པ་དེའི་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་བྱས་པ་རེད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན།འབུ་སྔོག་འཐུའི་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་ཆེད།སྙན་རོང་རྫོང་གིས“མི་ཆོག་པ་ཉི་ཤུ”སྒྲུབ་ཐུབ་ཐབས་བྱས་པ་དང་།དེ་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་འགན་བདའ་འདེད་གཏོང་རྒྱུ་མ་ཟད།མི་དེར་འདི་ལོ་དང་དུས་སང་གི་འབུ་སྔོག་འཐུའི་དབང་འཕྲོག་རྒྱུ་ཡིན་པ་དང་།“ཞིབ་དཔྱད་ར་སྤྲོད་བཞི”(ཐེམ་ཐོ་དང་།འབུ་སྔོག་འཐུའི་ཆོག་འཐུས་ལག་ཁྱེར།མི་འབོར་ཐོ་འགོད་དང་ཐེམ་ཐོ་གཅིག་མཚུངས་ཡིན་མིན།རྩྭ་ཐང་གི་སྔོ་ཁེབས་བསྐྱར་གསོའི་གྲོན་དངུལ་སྤྲད་ཡོད་མེད)དང“ཁ་གསལ་བདུན”(རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་འགན་འཁྲི་ཁ་གསལ་ཡོད་པ་དང་།དོ་དམ་ཞབས་ཞུ་པ་དང་ཁོངས་གཏོགས་ཁྱབ་ཁོངས།ཐེམ་ཐོའི་འབྲེལ་བ།ཐོ་འགོད་ཐོ་དེབ།ཁེ་དབང་དང་འོས་འགན)མཐའ་འཁྱོངས་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།