སྙན་རོང་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

སྙན་རོང་རྫོང་བོད་ཀྱི་བྱང་རྒྱུད་དང་གདང་ལའི་ལྷོ་འདབས་སུ་གནས་ཡོད།རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་14540ཡོད་པ་དེའི་ནང་བེད་སྤྱོད་བྱེད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་1800ཡོད།རྫོང་དེ་བོད་བྱང་ཐང་ས་མཐོའི་ཐའེ་ཧུའུ་

གཤོང་སར་གནས་ཡོད།ས་བབ་ནུབ་བྱང་མཐོ་བ་དང་ཤར་ལྷོ་དམའ་ཙམ་ཡོད།ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་ཡོད།ནུབ་བྱང་རྒྱུད་ཀྱི་རི་བོ་ཁག་གཅིག་ལོ་འཁོར་མོ་ཁ་བས་བཀླུབས་པ་དང་དབུས་རྒྱུད་དང་

ལྷོ་རྒྱུད་རི་བོའི་མཐོ་ཚད་བལྟོས་བཅས་ཀྱིས་ཧེ་བག་ཆེ་ཙམ་ཡོད། རི་མ་ཐང་དང་རོང་སའི་བར་དུ་གནས་པས་ས་མཐོའི་དྲོ་མ་གྲང་རྒྱུད་དང་ཕྱེད་སྐམ་ཤས་ཆེ་བའི་གནམ་གཤིས་ཁུལ་གྱི་ཁོངས་སུ་གཏོགས།

སྙན་རོང་རྫོང་ཁོངས་སུ་ཁུལ་1དང་། ཤང་13 གྲོང་ཚོ་ཨུ་ལྷན་165བཅས་ཡོད།

སྙན་རོང་རྫོང་ཁོངས་ནང་གཙོད་དང་། རྐྱང་། ར་རྒོད། དགོ་བ། གཉན། གནའ་བ། ཤྭ་བ། འཕྱི་བ། སྲམ། རི་བོང་། ཝ་མོ། དབྱི། ལྷ་བྱ་གོང་མོ། བྱ་ཝང་། རི་སྐྱེས་ཕུག་རོན། ཁྲུང་ཁྲུང་སྐེ་ནག ངང་པ།

བྱ་རྒོད་བཅས་དང་དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། གངས་ལྷ་མེ་ཏོག་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཡོད། ཤེས་རྟོགས་བྱུང་བའི་གཏེར་ཐོན་ཐོན་ཁུངས་གཙོ་བོའི་གྲས་སུ་ཞ་ཉེ་དང་།

ཏི་ཚ་དཀར་པོ། རྡོ་སོལ། འཛེང་རྡོ་སོགས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།