ཉི་མ་རྫོང་ཉི་མ་གྲོང་རྡལ་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་སྐོར་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉི་མ་གྲོང་རྡལ་གྱི་འབྲོག་པ་པ་སངས་ཀྱིས“སྔོན་ཆད་གྲོང་རྡལ་དུ་དོན་དག་སྒྲུབ་པར་སྐྱོད་སྐབས་གང་སར་འགྲོ་དགོས་པ་མ་ཟད།སྐབས་རེ་གྲོང་རྡལ་སྲིད་གཞུང་དུ་བསྐྱོད་དེ་སུ་འཚོལ་དགོས་མིན་ཡང་མ་ཤེས་པས།ག་བྱེད་འདི་བྱེད་མེད་པར་གྱུར་གྱི་ཡོད།ད་ཆ་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་ཞབས་འདེགས་ཡག་པོ་ཞུས་པའི་ཁར་བྱ་བ་གང་ཞིག་ཡིན་རུང་ཐག་གཅོད་བྱས་པས།མི་སེར་ཚོའི་བློ་ལ་འབབ་པོ་བྱུང་ཡོད”ཅེས་བཤད་པ་རེད།

ཉི་མ་རྫོང་གི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཚང་མས་གྲོང་ཚོའི་ལས་བྱེད་པ་གྲོང་རྡལ་དུ་ལས་ཀ་སྒྲུབ་པར་སྐྱོད་པ་དང་།གྲོང་རྡལ་གྱི་ལས་བྱེད་པ་གྲོང་ཚོར(ཨུ་ལྷན)ལས་དོན་སྒྲུབ་པར་སྐྱོད་པ།ལས་དོན་མི་སྣ་རྫོང་གྲོང་དུ་ལས་ཀ་སྒྲུབ་པར་སྐྱོད་པ་བཅས“རིམ་གསུམ་ཚབ་སྒྲུབ”ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་སྟབས་བདེ་ཡོང་བ་བྱེད་པའི་བྱ་ཐབས་གསར་པ་སྤྱད་དེ་ཁྱབ་གདལ་བཏང་བས་ས་གནས་དེ་གའི་འབྲོག་པས་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

ཉི་མ་གྲོང་རྡལ་གྱིས“མགྱོགས་པོ་དང་།སྟབས་བདེ།ཉེར་སྤྱོད”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་ལྟེ་གནས་སྔོན་དུ་བཙུགས་པ་རེད།ཉི་མ་གྲོང་རྡལ་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་ཚོམས་ཆེན་དུ་སྐྱོད་སྐབས་ཚོམས་ཆེན་དེ་སྨི་ངོས་གྲུ་60ཡི་གཞུང་དོན་སྒྲུབ་ཁུལ་དང་སྨི་ངོས་གྲུ་50ཡི་ལས་སྒོའི་ཞབས་ཞུ་ཁུལ་གཉིས་སུ་དབྱེ་ཡོད་པ་རེད།དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་གཅིག་གྱུར་གྱི་གཞུང་དོན་སྒྲུབ་བྱེད་ཀྱི་སྒྲོག་ཙེ་རྐུབ་སྟེགས་དང་།གློག་ཀླད།པར་ཆས་སོགས་གཞུང་དོན་སྒྲུབ་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་དེར་དམངས་འཚོ་འགན་ལེན་སྐར་ཁུང་དང་།འབྲོག་ལས་ཞབས་ཞུའི་སྐར་ཁུང་།གཞི་རིམ་རྩ་འཛུགས་ཀྱི་སྐར་ཁུང་།སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྐར་ཁུང་།སྤྱི་ཚོགས་འགན་སྲུང་སྐར་ཁུང་།ནོར་དོན་རྩིས་བཤེར་སྐར་ཁུང་སོགས་བཙུགས་ཡོད་པ་མ་ཟད།ད་དུང་དོན་དངོས་གཞིར་བཟུང་།མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་སྤྱི་པའི་ཞབས་ཞུའི་དོན་གནད་གཞན་རྣམས་ཀྱང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་གཅིག་གྱུར་ཐོག་སྒྲུབ་པ་དང“གཅིག་འཐུས་རྣམ་པའི”ཞབས་འདེགས་ཡག་པོ་ཞུ་ཡི་ཡོད།ཚོམས་ཆེན་ནང་སྟབས་བདེ་ཡོང་ཆེད་ངལ་གསོ་བའི་རྐུབ་སྟེགས་བཙུགས་ཡོད་པ་མ་ཟད།བསམ་འཆར་འགོད་དེབ་དང་།ཞུ་གཏུག་སྒམ།ཐེར་འདོན་གོང་ཞུའི་ཁ་པར།སྤྱི་བསྒྲགས་སྒྲོམ་སྟེགས་སོགས་བཙུགས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིཌ་ན།ཉི་མ་གྲོང་རྡལ་གྱི“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་ལྟེ་གནས་དེ་2013ལོའི་ཟླ་4ཚེས་16ཉིན་དངོས་སུ་སྤྱོད་འགོ་བཙུགས་ཚུན་ཁྱོན་མང་ཚོགས་ཚོར་ལས་སྒོ་སྣ་ཚོགས་1529གཉེར་ཡོད།“མང་ཚོགས་ཀྱིས་སྒྲུབ་པ”དེ“ལས་བྱེད་པས་སྒྲུབ་པར”བསྒྱུར་པས།ལས་བྱེད་པ་བློ་བདེ་བ་དང་མང་ཚོགས་ཡིད་ཚིམ་པ་བྱུང་སྟེ་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་བཏོད་པའི“གཅིག་འཐུས་རྣམ་པའི”ཞབས་ཞུ་དེ་ཉི་མ་གྲོང་རྡལ་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒྲོག་ཐག་ལྟ་བུར་གྱུར་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།