དམངས་འཚོའི་ལས་གྲྭ་གསུམ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

ནག་ཆུ་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་གྱི་ཆུ་ཀ་ལ་དང་ཆུ་འབུད་དང་།བཙོག་ཆུ་ཐག་གཅོད།གཅིག་སྡུད་དྲོད་རླངས་མཁོ་འདོན་བཅས་ཀྱི་ལས་གྲྭ་གསུམ་ན་ནིང་ཟླ་བརྒྱད་པར་སྐྲུན་འགོ་ཚུགས་པ་ནས་བཟུང་ལས་དོན་ཁག་ལ་བདེ་བླག་ངང་སྤེལ་བཞིན་ཡོད་ཅིང་།མིག་སྔའི་བར་ལས་གྲྭ་ཆེན་པོ་གསུམ་གྱི་ནང་ནས་དྲོད་ཁུངས་བཟོ་གྲྭ་དང་།བཙོག་ཆུ་གཙང་བཟོ་བཟོ་གྲྭཆུ་ཁུངས་ཁུལ།དྲོད་ལེན་ས་ཚིགས།ནག་ཆུ་གྲོང་རྡལ་གྲོང་ཁུལ་གྱི་ཆུ་སྦུག་མདོང་ལམ་གཙོ་བོ་འདིང་བ་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་ལས་དོན་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།

ཉེ་ཆར་གསར་འགོད་པས་ནག་ཆུ་ས་ཁུལ་ནག་ཆུ་གྲོང་རྡལ་གྱི་ལས་གྲྭ་གསུམ་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་སྐབས་ས་རྐོ་འཕྲུལ་འཁོར་ཆེ་གྲས་དང་སྐྱེལ་འདྲེན་རླངས་འཁོར་མང་དག་ཅིག་དེ་གར་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་ཡོད་པ་མཐོང་བྱུང་།ལས་གྲྭ་གསུམ་གྱི་ཨར་ལས་འགན་ཁུར་བ་ཝང་ལེན་ཀྲོང་གིས་གསར་འགོད་པར“མིག་སྔར་ཆུ་ཀ་ལའི་ལས་གྲྭ་ལེགས་གྲུབ་བྱེད་ཚད་15%ཟིན་པ་དང་།སྔོན་དཔག་བྱས་ན་ཕྱི་ལོའི་ལོ་མཇུག་ཏུ་ཆུ་གཙང་བཟོ་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་རྒྱུ་རེད།ཆུ་གཙང་བཟོ་གྲྭ་བསྐྲུན་རྗེས་ཉིན་ལྟར་ནག་ཆུ་གྲོང་རྡལ་དུ་འཐུང་ཆུ་རྒྱ་དཔངས་གྲུ་བཞི་ཁྲི་6མཁོ་འདོན་བྱས་ནས་ནག་ཆུའི་མི་དམངས་ཀྱི་འཚོ་བའི་ཐད་ཀྱི་སྤྱོད་ཆུ་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད”ཅེས་བཤད།

དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་འཛུགས་སྐྲུན་པ་ཚོས་དྲོད་ཁུངས་བཟོ་གྲྭའི་དུ་ཁུང་ལ་གཞི་པང་ལ་ལྕགས་སྐུད་བཀྲི་བཞིན་ཡོད་པ་དང་ཆབས་ཅིག་རླུང་འདྲེན་འཕྲལ་ཁང་ཡང་སྔོག་འགོ་ཚུགས་པ་དང་།ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་དེ་བཞིན་ཁྲོ་ཐབ་ཁང་གི་ཨར་ལས་ཡང་མཇུག་འགྲིལ་ཡོད།“མིག་སྔར་དྲོད་ཁུངས་བཟོ་གྲྭ་ལེགས་གྲུབ་བྱེད་ཚད་4%ཟིན་པ་དང་སྔོན་རྩིས་བརྒྱབ་ན།2015ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་རེད།དྲོད་རླངས་མཁོ་འདོན་ལས་གྲྭ་ལེགས་གྲུབ་བྱུང་རྗེས་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་166ཟིན་ནས་ནག་ཆུ་གྲོང་རྡལ་ཡོངས་ཀྱི་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད”ཅེས་འདུ་འགོད་གསུམ་གྱི་དྲོད་ཁུངས་བཟོ་གྲྭའི་ཅིང་ལི་ཀྲང་ཡ་ཀྲོས་བཤད།

བཙོག་ཆུ་གཙང་བཟོ་ལྟེ་གནས་སུ་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་།རྣམ་གྲངས་བསྐྲུན་རྗེས་ནག་ཆུ་གྲོང་རྡལ་གྱི་སྤྱི་པའི་འཕྲོད་བསྟེན་དང་ཚན་པའི་བདེ་སྡོད་འཕྲོད་བསྟེན་ཁོར་ཡུག་ལེགས་སུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།