བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ས་ཁུལ་ནུབ་རྒྱུད་ཀྱི་རྫོང་བཞི་དང་ནག་ཆུ་རྫོང་དུ་བརྟག་ཞིབ་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཟླ་11ཚེས་10ཉིན་ནས་11ཉིན་བར་ནག་ཆུ་ས་ཁུལ་ནུབ་རྒྱུད་ཀྱི་རྫོང་དང་ཤང་དུ་བརྟག་ཞིབ་གནང་བར་ཕེབས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་དང་འབྲེལ་གཞི་རིམ་གྱི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་སེལ་རྒྱུར་མཛུབ་སྟོན་ཡང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་ཀའོ་དབྱང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།བརྟག་ཞིབ་ཉིན་4གནང་རིང་བློ་བཟང་རྒྱལ་མཚན་གྱིས་སྔ་རྗེས་སུ་དཔལ་མགོན་དང་།ཤན་རྩ།མཚོ་གཉིས།ཉི་མ།ནག་ཆུ་བཅས་རྫོང་5དང་།ཤང་དང་གྲོང་རྡལ་9ཡི་གྲོང་གསེབ་དང་།འབྲོག་དུད་དང་དེ་བཞིན་རྫོང་ཁག་གི་ཤང་གི་སློབ་གྲྭ་དང་།སྨན་ཁང་།རྒན་གསོ་ཁང་།མཉམ་ལས་རྩ་འཛུགས།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁགརྒྱུད་སྤེལ་ར་བ།ཉེན་རྟོག་ས་ཚིགས་བཅས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་གནང་བ་རེད།

ཚེས་10ཉིན་གྱི་སྔ་དྲོ་བློ་བཟང་རྒྱལ་མཚན་དང་བཅས་པས་ལྷ་ས་ནས་རླངས་འཁོར་ལ་ཞུགས་ཏེ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གནམ་མཚོར་ཕེབས་ནས་དེ་གའི་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་བྱས་ཚུལ་ལ་ཐུགས་སྣང་ཆེན་པོ་གནང་སྟེ་གནམ་མཚོའི་འགྲམ་གྱི་མཛེས་ལྗོངས་ཁུལ་གྱི་འཆར་འགོད་དང་འགྲིམ་འགྲུལ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་།ཁོང་གིས་གཞན་སྒྱུར་རིམ་སྤོར་བྱ་རྒྱུ་ནི་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་དང་ཞིབ་ཚགས་སུ་གཏོང་རྒྱུར་ངེས་པར་དུ་བསྐྱོད་དགོས་པའི་ལམ་ཞིག་ཡིན་པས་གནམ་མཚོའི་མཛེས་ལྗོངས་ཁུལ་འཕེལ་རྒྱས་གཏོང་བར་རྩེར་སོན་དང་།སྤུས་རྟགས།ཁྱད་ལྡན་བཅས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་དང་།མཛེས་ལྗོངས་ཁུལ།སྤུས་རྟགས་བཅས་ཆེན་པོ་ཡོང་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་A5རིམ་པའི་རྒྱལ་ཁབ་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་དགོས་ཞེས་གསུངས།

ཚེས་10ཉིན་གྱི་ཉིན་དགུང་བློ་བཟང་རྒྱལ་མཚན་དཔལ་མགོན་རྫོང་ཕྱིང་ལུང་ཤང་དུ་ཕེབས་ནས་དེ་གའི་སློབ་གྲྭ་དང་།སྨན་ཁང་།ཉེན་རྟོག་ཞབས་ཞུའི་ས་ཚིགས།ཤང་དང་གྲོང་རྡལ་གྱི་གཞི་རིམ་སྲིད་དབང་བཅས་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་པ་དང་།དེ་ནས་དཔལ་མགོན་རྫོང་སློབ་ཆུང་དང་།རྫོང་མི་དམངས་སྨན་ཁང་།སྨན་རྩིས་ཁང་།རྒན་གསོ་ཁང་བཅས་ལ་ཕེབས་ཤིང་།ཁོང་གིས་གཞི་རིམ་གྱི་ཞིང་འབྲོག་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཡིན་ཕྱིན་ང་ཚོས་ཞིབ་འཇུག་ནན་ཏན་བྱས་ནས་ཆོད་སེམས་བརྟན་པོ་དང་།སེམས་ནུས་ཆེན་པོ།ནུས་ཤུགས་གང་ཡོད་བཅས་ཀྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས།

ཚེས་10ཉིན་གྱི་ཕྱི་དྲོ།བློ་བཟང་རྒྱལ་མཚན་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་དུ་ཕེབས་ནས་དེ་གའི་འབྲོག་ལས་འཕེལ་ཚུལ་དང་།དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ།དམངས་ལ་ཕན་པའི་ཞབས་ཞུ་བསྒྲུབས་ཚུལ།གཞི་རིམ་ལས་བཟོའི་འཚོ་བའི་གནས་ཚུལ།སློབ་ཆུང་དང་སྨན་ཁང་འཛུགས་སྐྲུན་གྱི་གནས་ཚུལ་བཅས་ལ་གཟིགས་ཤིང་།ཁོང་གིས་ཏང་གི་སྲིད་སྐྱོང་རྨང་གཞི་གཞི་རིམ་ལ་ཡོད་པས་ཤང་དང་གྲོང་རྡལ་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་བྱས་ནས་འབོར་ཆེ་བའི་མི་རྒྱུ་དངུལ་གསུམ་གཞི་རིམ་ལ་ཕྱོགས་ཏེ་ལས་བཟོ་རྣམས་གཞི་རིམ་ལ་སེམས་པ་ལྷོད་ལ་འབབ་ནས་མང་ཚོགས་ལ་ཞབས་ཞུ་སྔར་བས་ཡག་པ་ཞུ་ཐུབ་བྱེད་དགོས་ཞེས་གསུངས།

ཚེས་11ཉིན་གྱི་སྔ་དྲོ།བློ་བཟང་རྒྱལ་མཚན་ཤན་རྩ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཕེབས་ཤིང་།ལྟེ་གནས་དེ་ནི་མི་དམངས་སྨན་ཁང་དང་།སྨན་རྩིས་ཁང་།མ་བུ་འཕྲོད་སྦྱོར་བདེ་སྲུང་ཁང་།ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་བཞི་ལས་གྲུབ་པའི་ཕྱོགས་བསྡུས་ཀྱི་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན།བློ་བཟང་རྒྱལ་མཚན་གྱིས་ལྟེ་གནས་དེའི་སྡེ་ཁག་སོ་སོར་ཕེབས་ནས་སྨན་ཁང་ཚད་གཞི་ལྡན་པར་འཛུགས་སྐྲུན་དང་།སྨན་བཅོས་ཞབས་ཞུ།ཤེས་ལྡན་པ་བཀོད་གཏོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།སྨན་དང་སྨན་པ་དཀོན་པ་སོགས་ཀྱི་གནད་དོན་ཡོད་མེད་ཀྱང་འདྲི་རྟོགས་གནང་ཞིང་།ཁོང་གིས་རྫོང་ཁུལ་གྱི་སྨན་བཅོས་ཐོན་ཁུངས་མཉམ་དུ་བསྒྲིལ་བ་དེས་སྨན་བཅོས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་དང་།སྨན་བཅོས་ཞབས་ཞུའི་སྒྲིག་གཞིའི་རྨང་གཞིའི་ནུས་པ་འདོན་སྤེལ།ཞིང་འབྲོག་པར་སྨན་བཅོས་ཞབས་ཞུ་སྔར་ལས་ཡག་པ་དང་སྟབས་བདེ་ཡོང་བ་བཅས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས།དེ་ནས་བློ་བཟང་རྒྱལ་མཚན་ཤན་རྩའི་ཆ་ཚང་སློབ་ཆུང་གཉིས་པར་ཕེབས་ཏེ་དེ་གའི་འབྲོག་ཁུལ་གྱི་གཞི་རིམ་སློབ་གསོའི་འཕེལ་ཚུལ་དང་དགེ་སློབ་ཀྱི་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་།ཁོང་གིས་ལོ་བརྒྱའི་ཇུས་ཆེན་གྱི་རྩ་བ་སློབ་གསོར་ཐུག་པས་འབྲོག་ཁུལ་གྱི་ལས་དོན་ལེགས་པར་བསྒྲུབས་པར་དང་ཐོག་སློབ་གསོ་སྔོན་ལ་འཕེལ་རྒྱས་དང་།སློབ་གྲྭ་སྔོན་ལ་འཛུགས་སྐྲུན།ཕྲུ་གུར་སྔོན་ལ་སློབ་གསོ་ཐོབ་པ་བྱེད་དགོས་ཞེས་གསུངས།དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་ཤན་རྩ་རྫོང་གི་རྒན་གསོ་ཁང་གི་མི་ཧྲེང་རྒན་རྒོན་དང་།ལམ་སྐྱོང་དུམ་བུའི་ལམ་བཟོ་བར་ཡང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་རྫོང་འཛུགས་ཕྱི་ཤོས་ཀྱི་མཚོ་གཉིས་རྫོང་མཚོ་སྦྲེལ་མ་གྲོང་རྡལ་ནི་བྱང་ཐང་གི་མཐིལ་དུ་གནས་ཤིང་།དེ་གའི་འབྲོག་པའི་འཚོ་བའི་གནས་ཚུལ་ཅི་འདྲ་ཡོད་མེད་ཐུགས་ལ་འཆང་བཞིན་པའི་བློ་བཟང་རྒྱལ་མཚན་འབྲོག་པ་བཀྲ་ཤིས་རྡོ་རྗེ་དང་ཕུར་སྒྲོན་གྱི་ཁྱིམ་དུ་ཕེབས་ནས་འཚོ་བའི་སྐོར་ལ་ཅི་འཕྲོས་མོལ་འཕྲོས་གནང་ཞིང་།བློ་བཟང་རྒྱལ་མཚན་གྱིས“ཕྲུ་གུ་སློབ་གྲྭར་བསྐྱོད་ཟིན་ནམ།ཡོང་འབབ་ཅི་འདྲ་འདུགཁྱིམ་ལ་ནོར་ལུག་ག་ཚོད་ཡོད”ཅེས་བཀའ་འདྲི་ཞིབ་ཕྲ་གནང་བར་བཀྲ་ཤིས་རྡོ་རྗེ་དང་ཕུར་སྒྲོན་གྱིས་རེ་རེ་བཞིན་ལན་བརྒྱབ་ནས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་འཚོ་བ་ཉིན་རེ་ལས་མི་སྡོད་པ་སྐྱིད་དུ་འགྲོ་བ་བཤད།སློབ་ཆུང་དང་འཕྲོད་བསྟེན་ཁང་ནི་བློ་བཟང་རྒྱལ་མཚན་གྱིས་བརྟག་ཞིབ་བྱེད་རིང་ངེས་པར་དུ་ཕེབས་ས་ཞིག་ཡིན།བློ་བཟང་རྒྱལ་མཚན་གྱིས་གྲོང་རྡལ་དེ་གའི་དགེ་རྒན་དང་།སྨན་པ།ནད་པ་བཅས་ལ་ཐུགས་སྣང་གཤིན་པོས་བཀའ་མོལ་གནང་ནས་སྲིད་གཞུང་གི་ལས་དོན་ལ་བསམ་འཆར་གང་ཡོད་རང་འགུལ་ངང་གསན།

ཉི་མ་རྫོང་དུ་ཕེབས་རྗེས་བློ་བཟང་རྒྱལ་མཚན་གྱིས་རྫོང་དེའི་ཆ་ཚང་སློབ་ཆུང་དང་།སློབ་འབྲིང་།འཕྲོད་བསྟེན་ཞབས་ཞུ་ལྟེ་གནས།སྤྱི་ཚོགས་ཕན་བདེ་ཁང་བཅས་ལ་སྔ་རྗེས་སུ་བརྟག་ཞིབ་གནང་ཞིང་།ཉི་མ་རྫོང་ཆ་ཚང་སློབ་ཆུང་ནི་1986ལོར་བསྐྲུན་པ་དང་།འདི་ལོའི་ཟླ་9པར་སློབ་ཁུལ་གསར་པ་སྐྲུན་ཟིན་ནས་བདེ་བླག་ངང་སློབ་འགོ་ཚུགས་ཤིང་།བློ་བཟང་རྒྱལ་མཚན་སློབ་གྲྭའི་ཉལ་ཁང་དང་ཟ་ཁང་ལ་གཟིགས་པར་ཕེབས་པ་དང་འབྲེལ་བོད་ཡིག་ཡིག་གཟུགས་ཀྱི་སློབ་ཚན་དུ་ཕེབས་ནས་སློབ་ཁྲིད་ཀྱི་གནས་ཚུལ་ནན་ཏན་ངང་གསན་རིང་།དགེ་རྒན་གྱིས་སློབ་ཁྲིད་ཞིབ་ཕྲ་བྱེད་པ་དང་སློབ་མས་ནན་ཏན་ངང་ཉན་བཞིན་པ་གཟིགས་སྐབས་བློ་བཟང་རྒྱལ་མཚན་གྱིས་སྤྲོ་སྣང་ཆེན་པོས་སློབ་ཁྲིད་་སྟེགས་བུར་ཕེབས་ནས་སྨྱུག་རིལ་གྱིས་སྦྱང་ཤིང་ཐོག“ཡོན་ཏན་ལྡན་ན་ཕུལ་བྱུང་སྐྱེ་བོར་འགྱུར”ཞེས་ཡིག་གཟུགས་དབུ་ཅན་དབུ་མེད་འཁྱུག་ཡིག་གསུམ་བྲིས་ནས་སློབ་མ་ཚོར་སྔོན་ཐོན་རིག་གནས་ཤེས་བྱ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་དགོས་པ་མ་ཟད།རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་འདོགས་པའི་མི་བཟང་པོ་ཞིག་བྱས་ཏེ་འཇོན་ཐང་སྦྱངས་ནས་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་།

ཉི་མ་རྫོང་ཁུལ་དཀར་ར་གསོ་སྤེལ་བྱ་རྒྱུ་དེ་ས་གནས་དེ་གའི་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོ་ཞིག་ཡིན།ཚེས་13ཉིན་གྱི་སྔ་དྲོ་བློ་བཟང་རྒྱལ་མཚན་ཉི་མ་རྫོང་ཁུལ་དཀར་ར་གསོ་ར་བར་ཕེབས་ནས་ཁྱད་ལྡན་གྱི་གསོ་སྤེལ་གནས་ཚུལ་ལ་བརྟག་ཞིབ་གནང་རིང་།ཁོང་གིས་ཁྱད་ལྡན་གསོ་སྤེལ་བྱེད་པར་ལས་གཉེར་བྱེད་སྟངས་ལ་ཚད་བརྒལ་ཡོང་བ་བྱེད་དགོས་པ་དང་ཚན་རྩལ་ཞབས་ཞུའི་ཐོག་ཤུགས་སྣོན་བརྒྱབ་ནས་འབྲོག་པའི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཙལ་ཏེ་འབྲོག་པར་འབབ་འཕར་རྒྱུན་ཆད་མེད་པར་ཡོང་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས།

ཉི་མ་རྫོང་ནས་ནག་ཆུ་གྲོང་རྡལ་བར་གྱི་སྤྱི་ལེ་600ལ་ཉེ་བར་བསྐྱོད་རིང་།བློ་བཟང་རྒྱལ་མཚན་དང་བཅས་པས་ལམ་བར་དུ་བརྟག་ཞིབ་གནང་ཞིང་།མཚོ་གཉིས་རྫོང་མཚོ་སྦྲེལ་མ་གྲོང་རྡལ་གྱི་ལམ་ཟུར་དུ་གནས་པའི་ཚེ་རིང་གཡང་འཛོམས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་རྗེས་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྱི་གྲོང་ལྷན་གཉིས་པའི་འབྲོག་པའི་དཔལ་འབྱོར་མཐུན་ཚོགས་གནས་སར་ཕེབས་ཏེ་བཞོན་མ་གསོ་སྤེལ་དང་།དཀར་གསུམ་ལས་སྣོན།ཆེད་ལས་མཉམ་ལས་རྩ་འཛུགས་བཅས་ཀྱི་འཕེལ་ཚུལ་ལ་རྟོག་ཞིབ་གནང་བ་དང་དེ་ནས་དཔལ་མགོན་རྫོང་བལ་ལ་གྲོང་རྡལ་དང་ནག་ཆུ་རྫོང་གི་ན་དམར་ཆེ་ཤང་ལ་ཕེབས་ནས་དེ་གའི་སློབ་ཆུང་དང་།འཕྲོད་བསྟེན་ཁང་།གཞི་རིམ་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་སྦྲགས་ཏང་ཡོན་རྒན་གྲས་དང་།དུད་ཚང་དབུལ་པོ།གྲོང་ཚོར་བཅའ་སྡོད་རུ་མི་དང་ལས་བྱེད་པ་བཅས་ལ་གཟིགས་ནས་འཚམས་འདྲིའང་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།