སྦྲ་ཆེན་རྫོང་གིས་ཕྱུགས་རིགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:49:19

ཉེ་ཆར། སྦྲ་ཆེན་རྫོང་གིས་ཕྱུགས་རིགས་རིམས་འགོག་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་གླ་ཤི་གྲོང་རྡལ་གྱི་གྲོང་ཚོ་5པར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་རིམས་འགོག་སྨན་ཁབ་རྒྱག་སྟངས་གསོ་སྦྱོང་ཡང་བྱས་པ་རེད། དེའི་ཐོག་ནས་རྫོང་ཡོངས་ཀྱི་སྲོག་ཆགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད།

གྲོང་ཚོ་ཁག་གཅིག་གི་ཕྱུགས་རིགས་སྨན་པའི་རྩལ་ནུས་དང་བྱང་ཚད་མཐོ་པོ་མེད་པའི་གནད་དོན་ལ་དམིགས་ནས་ལས་དོན་ཚོགས་ཆུང་གིས་ཇི་ལྟར་བྱས་ཏེ་རིམས་འགོག་སྨན་ཁབ་མགྱོགས་པོ་འཐེན་པ་དང་རྒྱག་པ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ས་གནས་ས་ཐོག་ཏུ་གསོ་སྦྱོང་བྱས་པ་རེད། གཞན་ཡང་རྫོང་ཕྱུགས་རིགས་ཀྱི་རིམས་འགོག་ས་ཚིགས་ཀྱིས་གླ་ཤི་གྲོང་རྡལ་གྱི་གྲོང་ཚོ་5པར་རྒྱུན་སྤྱོད་ཕྱུགས་རིགས་ཀྱི་རིམས་འགོག་སྨན་ཁག་གཅིག་ཐག་གཅོད་བྱས་པ་དང་འབྲེལ་གྲོང་ཚོའི་ཕྱུགས་རིགས་སྨན་པར་སྨན་རྫས་འཁྱེར་བདེའི་སྒམ་དང་སྨན་བཅོས་ཡོ་བྱད་སོགས་སྤྲད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།