སྦྲ་ཆེན་རྫོང་གིས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་སྒོའི་གསོ་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣ་དང་ལྷག་པར་དུ་ཤང(གྲོང་རྡལ)གྱི་ཁྲིམས་འཛིན་ལས་རོགས་པའི་ལས་སྒོའི་ནུས་པ་མཐོ་རུ་བཏང་ནས་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་གྱི་ལས་དོན་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཉེ་ཆར་སྦྲ་ཆེན་རྫོང་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་དུས་ཡུན་ཉིན་3གྱི་ལས་སྒོའི་གསོ་སྦྱོང་བྱས་པ་རེད།གསོ་སྦྱོང་ནང་ཉེ་བའི་ལོ་ཤས་རིང་གི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་སུ་གསར་དུ་སླེབས་པའི་མི་སྣ་དང་།ཤང་དང་གྲོང་རྡལ་ཁག་གི་ཁྲིམས་འཛིན་ལས་རོགས་པ(ཁྲིམས་འཛིན་ལས་རོགས་པའི་འགན་གཅིག་ལྕོགས་འཁུར་མཁན་ཚུད)དང་།ཤང(གྲོང་རྡལ)ཁག་གི་འགལ་བའི་རྩོད་གཞི་བར་འདུམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པ་བཅས་ཁྱོན་མི་གྲངས་20ལ་གཅིག་སྡུད་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་ཁྲོད་སློབ་ཁྲིད་བྱེད་མཁན་བཞི་པོས་རིགས་པའི་གཞུང་ལུགས་དང་དོན་དངོས་དང་ཟུང་འབྲེལ་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་སོ་སོར་སྡེ་ཁུལ་གྱི་ཡོ་བསྲང་དང་།ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་བཞིན་བཅོས་སྐྱོང་།ཉེས་གསོག་བཙོན་སྒྲོལ་དང་སློབ་གཅུན་མི་སྣ་བཀོད་སྒྲིག་དང་རོགས་སྐྱོར།འགལ་བའི་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིགགཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་སོགས་ཁྲིམས་འཛིན་སྲིད་འཛིན་ལས་སྒོར་དོན་ཟབ་ལ་གོ་སླ་བའི་ངང་འགྲེལ་བཤད་བརྒྱབ་པ་དང་།སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་བརྒྱུད་རིམ་དང་ཐབས་ཤེས་དང་ལྷག་པར་དུ《བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཁུལ་ཡོ་བསྲང་གི་ལག་བསྟར་བྱ་ཐབས》དམིགས་སུ་བཀར་ནས་འགྲེལ་བཤད་ཞིབ་ཕྲ་བྱས་པ་དང་སྦྲགས་དོན་དངོས་ལས་དོན་ཁྲོད་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།