དཔལ་མགོན་རྫོང་གིས་འབྲོག་ལས་འགན་བཅོལ་གྱི་ལམ་ལུགས་གསར་གཏོད་བྱ་རྒྱུ་འཚོལ་ཞིབ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-17 10:35:13

ཉེ་ཆར་དཔལ་མགོན་རྫོང་གིས་འབྲོག་ལས་འགན་བཅོལ་ལམ་ལུགས་ཀྱི་མཐུན་སྦྱོར་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་ཀྲུང་གོ་སྲོག་རྟེན་འགན་བཅོལ་ནག་ཆུ་ས་ཁུལ་ཡན་ལག་ཀུང་སི་དང་མཉམ་དུ་འབྲོག་ལས་འགན་བཅོལ་ལམ་ལུགས་གསར་གཏོད་ཐད་འཚོལ་ཞིབ་བྱས་པ་རེད།

དཔལ་མགོན་རྫོང་གིས་འབྲོག་ལས་སྒྱུར་བཅོས་དང་ཐོན་སྐྱེད་ལྷུ་ཚིགས་ཁག་གི་ཐད་ཐོན་སྲིད་པའི་ཉེན་ཁར་དམིགས་ཏེ་དམིགས་ས་ཆེ་ཞིང་འགན་ལེན་ནུས་ལྡན་ཐུབ་ལ་རིན་གོང་འཚམ་པའི་ཚོང་དོན་འགན་བཅོལ་རྣམ་གྲངས་ཀྱི་འཆར་གཞི་བཏོན་ཏེ་འབྲོག་ལས་སྒྱུར་བཅོས་ཐད་འགན་བཅོལ་ཡོང་བ་བྱས་ཤིང་། ཚོགས་འདུའི་ཐོག་འབྲོག་ལས་འགན་བཅོལ་ལམ་ལུགས་མུ་མཐུད་སྒྱུར་བཅོས་ཀྱིས་འབྲོག་ལས་འགན་བཅོལ་ལམ་ལུགས་ཀྱི་སྒྲོམ་གཞི་བཟོས་ཏེ་རྒྱུ་མང་ཅན་གྱི་འབྲོག་ལས་འགན་བཅོལ་བྱ་རྒྱུར་སྐུལ་སློང་གིས་འབྲོག་ལས་འགན་བཅོལ་གྱི་གཞི་རིམ་གྱི་ཞབས་ཞུའི་མ་ལག་འཐུས་ཚང་ཡོང་བ་བྱ་རྒྱུ་གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།