དཔལ་མགོན་རྫོང་གིས་འདྲུད་འཐེན་འཕྲུལ་འཁོར་དང་སྦག་སྦག་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སྦག་སྦག་དང་འདྲུད་འཐེན་འཁོར་ལོས་ཐོན་པའི་འགྲིམ་འགྲུལ་ཆག་སྒོ་ཆེ་གྲས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་གཏན་འགོག་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ནས་ཞི་མཐུན་དང་དུས་བདེའི་དཔལ་མགོན་འཛུགས་སྐྲུན་བྱ་ཆེད་ཉེ་ཆར་དཔལ་མགོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྫོང་ཡོངས་ཀྱི་ཤང་གྲོང་ཁག་གི་འདྲུད་འཐེན་འཕྲུལ་འཁོར་དང་སྦག་སྦག་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

ད་ཐེངས་ཀྱི་བཅོས་སྒྲིག་ལས་དོན་ནང་ཉེན་རྟོག་པ་50བཏང་ནས་སྦག་སྦག་གཏོང་སྐབས་བདེ་སྲུང་རྨོག་ཞྭ་མ་གྱོན་པའི་ཁ་ལོ་བ་30དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་12ཞིབ་བཤེར་ཐག་གཅོད་བྱས་པ་དང་རྫོང་ཡོངས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་621དང་སྦག་སྦག་2878ཐོ་བཀོད་ཡིག་ཚགས་བཟོས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།