སྟོད་མའི་ལུག་དེ“ས་རིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས”ནང་ཚུད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 09:45:47

ཉེ་དུས་ཨ་མདོ་རྫོང་སྟོད་མའི་ལུག་ཤ་དང་སྟོད་མའི་བལ་དེ་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྡེ་ཚན་གྱིས་གཉེར་བའི་ས་རིས་མཚོན་རྟགས་སྲུང་སྐྱོང་གི་ཐོན་རྫས་ལག་རྩལ་གྱི་ཞིབ་བཤེར་བདེ་བླག་ངང་ཐུབ་པ་མ་ཟད་སྤྱི་བསྒྲགས་ཀྱང་སྤེལ་ནས་ཨ་མདོ་རྫོང་གི“ས་རིས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”ཀྱི་མིང་བྱང་ཨང་དང་པོར་གྱུར་པ་རེད། དེ་ཐོག་ནས་རྫོང་ཁོངས་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་རྟགས་དང་སྤུས་རྟགས་ཀྱིས་འབྲོག་ལས་དཔལ་འབྱོར་གོང་འཕེལ་ཡོང་བར་སྣེ་ཁྲིད་པ་དང་། སྤུས་རྟགས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། སྤུས་རྟགས་ཀྱིས་འབྲོག་ལས་ཀྱི་གྲུབ་ཆར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་སྒྲུབ་འགོ་བརྩམས་པ་མཚོན་ཡོད་པ་རེད།

སྟོད་མའི་ལུག་ཤ་དང་སྟོད་མའི་བལ་གྱི་ས་རིས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་གི་སྙན་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད་2010ལོ་ནས་2013ལོ་བར་ཨ་མདོ་རྫོང་གིས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མི་སྣར་གཞོགས་འདེགས་ཧུར་ཐག་བྱས་ནས་བྲག་སྨུག་གྲོང་རྡལ་དང་།དམར་ཆུ་ཤང་།རྐང་གཉིས་ཤང་།སྟོད་མ་ཤང་།དམར་རོང་ཤང་།སེའུ་ཤང་སོགས་སྟོད་མའི་ལུག་ཐོན་ཁུལ་གཙོ་བོར་དུས་ཡུན་ལོ་གསུམ་རིང་སྟོད་མའི་ལུག་ཐོན་སྐྱེད་ཀྱི་རེས་འཁོར་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བས། ནང་འདྲེན་བྱས་པའི་ཁེ་ལས་ལེའོ་དབྱང་གྲོང་ཁྱེར་རུན་ཙེ་ཧུའེ་རིགས་ཤ་རིགས་ཚད་ཡོད་ཀུང་སིའི་སྔོན་ཐོན་ལག་རྩལ་དང་ནུས་པར་ས་གནས་ས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་འདོན་སྤེལ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་ཨ་མདོ་རྫོང་གིས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཕྱུགས་ནད་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ལ་གཞོགས་འདེགས་བྱས་ནས་སྟོད་མའི་ལུག་ཤ་དང་སྟོད་མའི་བལ་ལ་དཔེ་འཐེན་ཞིབ་དཔྱད་ཐེངས་མང་བྱས་པ་མ་ཟད། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྡེ་ཚན་དུ་དཔེ་འཐེན་བསྐྱལ་ནས་སྒམ་བཙན་ཞིབ་དཔྱད་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གནད་སྲུང་སྐྱོང་རིགས་72ཀྱི་གྲས་སུ་བཅུག་ཡོད། དེ་དང་ཕྱོགས་མཚུངས་ཨ་མདོ་རྫོང་གིས་རྒྱུད་བཟང་འདེམས་གསོ་དང་། ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ། སྤུས་ཚད་ཀྱི་འཕྲོད་བསྟེན་བླང་བྱ་སོགས་ཆ་ཤས་གསུམ་ཚུད་པའི《སྟོད་མའི་ལུག་ཤ》དང《སྟོད་མའི་བལ》གྱི་ཚད་གཞི་བཟོས་ནས་དེ་ཉིད་ས་གནས་ཀྱི་ཚད་གཞི་ཡིན་པའི་ཡོངས་བསྒྲགས་བྱས་ཏེ་སྟོད་མའི་ལུག་ཤ་དང་བལ་གྱི་ས་རིས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་བྱ་རྒྱུའི་ཡིག་ཐོག་སྙན་ཞུར་རྨང་གཞི་བཏིང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།