​ནག་ཆུ་ས་ཁུལ་གྱི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་ཞབས་ཞུ་དོ་དམ་ལས་ཀའི་མཐོང་ཐོས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2017-07-04 11:07:11

QQ截图20170704105814.png

མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་དང་། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ས་མཚམས་ཀྱིས་རྐྱེན་པས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་མི་ཐོན་པ་བྱ་ཆེད། འབྲི་རུ་རྫོང་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ཐོག་རྒྱག་པ་སོགས་ཀྱི་ཉེན་ཁ་སྣ་ཚོགས་འཕྲད་སྲིད་པར་མི་འཛེམ་པར་ལོ་ལྟར་གྱི་ཟླ་5པ་ནས་7པའི་བར་ཆ་སྙོམས་ས་བབ་སྨི་4500ཡན་གྱི་རི་སྟེང་དུ་ཉིན་50ཡི་ལས་འགན་སྒྲུབ་ཀྱི་ཡོད་པ་དང་། ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་སྐབས་གཅིག་གྱུར་ལས་ཆས་གྱོན་པ་དང་། དཀའ་ངལ་དང་དཀའ་ཚེགས་ལ་མི་སྐྲག་པར་ཉི་འོད་དང་རླུང་འཚུབ་དྲག་པོའི་ཁྲོད་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱས་པ།

QQ截图20170704105834.png

 རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་མི་ཕོག་པ་བྱ་ཆེད། ཟླ་5ཚེས་26ཉིན་དང་27ཉིན་སོག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་གིས་མེ་ཟོན་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་དཀར་མོ་དང་གསེར་ཊ་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཐོག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། ལས་དོན་པས་སྐོར་སྐྱོད་དྲིལ་བསྒྲགས་དང་གཅིག་སྡུད་དྲིལ་བསྒྲགས་ཀྱི་ཐབས་ཤེས་གཉིས་ལ་བརྟེན་ནས་མང་ཚོགས་ལ་ས་གནས་ས་ཐོག་ཏུ་གསལ་འགྲེལ་དང་། ཐོག་འགོག་རྒྱུན་ཤེས་དང་ཉེན་ཁ་འཕྲད་སྐབས་ཀྱི་འཕྲལ་སྡོམ་བྱ་ཐབས་སོགས་དྲིལ་བསྒྲགས་བྱས་ཡོད།

QQ截图20170704105953.png

ལོ་ལྟར་ནག་ཆུ་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་འཆར་སྐབས་དབྱར་རྩྭ་དགུན་འབུ་འཐུ་སར་གཞིས་ལུས་བྱིས་པ་མང་པོ་ཐོན་གྱི་ཡོད། དེར་བརྟེན་ཞིང་འབྲོག་པ་བློ་བདེ་པོའི་ངང་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་ཐུབ་ཆེད། འབྲི་རུ་རྫོང་གི་ཤང་ཁག་གིས་དབྱར་རྩྭ་དགུན་འབུ་འཐུ་ས་ཁག་ཏུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་གཞུང་དོན་ཁང་དབྱར་རྩྭ་དགུན་འབུ་འཐུ་ས་དང་ཞིང་འབྲོག་པའི་གམ་དུ་སྤོས་པ་དང་། གནས་སྐབས་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་པ་དང་། ཏང་ཡོན་གྱིས་རྐང་འཛིན་པ་བྱས་ཏེ་རོགས་རེས་ཚོགས་ཆུང་བཙུགས་པ་དང་འབྲེལ་ཁྱིམ་བདག་གི་མོས་མཐུན་ཐོབ་རྗེས་ཕྲུ་གུ་ཚོ་གཅིག་ཏུ་བསྡུས་ནས“གནས་སྐབས་ཀྱི་བུ་བཅོལ་ཁང”བཙུགས་པ།

QQ截图20170704110018.png

ཟླ་6ཚེས་10ཉིན་ནས་བཟུང་། འབྲི་རུ་རྫོང་ཁོངས་སུ་ཉིན་ཤས་བསྟུད་མར་དྲག་ཆར་བབས་ནས་རྒྱལ་མོ་རྔུལ་ཆུའི་ཆུ་ཁ་ཆེས་ཆེར་རྒྱས་ནས་ཕྱོགས་མང་པོར་ཉེན་ཁ་འཕྲད་དེ་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་ལ། དབྱར་རྩྭ་དགུན་འབུ་འཐུ་ཁུལ་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། ཟླ་6ཚེས་16ཉིན་གྱི་སྔ་དྲོ། འབྲི་རུ་རྫོང་གིས་འབྲུབ་འགོག་གེགས་འགོག་ལས་ཀའི་ཚོགས་འདུ་འཚོགས་ནས་བྱེད་ཐབས་དགུ་བཏོན་པ་དང་། དབྱར་རྩྭ་དགུན་འབུ་འཐུ་སའི་ཏང་ཡོན་ལས་བྱེད་པའམ་ཡང་ན་ཞིང་འབྲོག་མང་ཚོགས་ཚང་མས་ཕྱར་བ་གྲུ་འདེགས་ངང་ཆུས་ཁྱེར་བའི་ལམ་བཟོས་པ་དང་། སྟབས་བདེའི་ཟམ་པ་རྒྱག་པ། འབྲུབ་འགོག་ཆུ་རགས་རྒྱག་པ་སོགས་བྱས་པ་རེད།

QQ截图20170704110045.png

 ཟླ་6ཚེས་9ཉིན་ནག་ཆུ་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་པ་དང་བཅས་པ་མི་དགུ་ཡོས་ཆགས་ཤང་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་དེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོའི་དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”སྐོར་སྒྲོག་འགྲེལ་བྱས་ཤིང་། ད་རེས་ཀྱི་སྒྲོག་འགྲེལ་བྱེད་སྒོའི་ནང་ཤང་སྲིད་གཞུང་གི་ལས་དོན་པ་དང་། སྤྱི་བདེ་ཉེན་རྟོག་པ། འཕྲོད་བསྟེན་ཁང་གི་སྨན་དོན་པ་བཅས་བསྡོམས་མི་100ལྷག་ཞུགས་ཡོད། སྒྲོག་འགྲེལ་དེ་ཕན་ཚུན་མཉམ་འགུལ་གྱི་རྣམ་པར་བརྟེན་ཞིང་། སྒྲོག་འགྲེལ་པས་མང་ཚོགས་དང་གྲོས་བསྡུར་བྱེད་པ་དང་མང་ཚོགས་ཀྱིས་དྲི་བ་འདོན་པར་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་གཉིས་པར་འཛིན་པའི་རྒྱ་ཆེའི་མང་ཚོགས་ཀྱི་ངོས་འཛིན་ཟབ་ཏུ་སོང་བ་རེད།

QQ截图20170704110110.png

ཉེ་ཆར་ལྷ་རི་རྫོང་རོང་སྟོད་ཤང་ཆུ་འཁྲི་ཁུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རོང་སྟོད་ཤང་སྲིད་གཞུང་གིས་མངགས་པ)གིས་མང་ཚོགས་དབྱར་རྩྭ་དགུན་འབུ་འཐུས་ཏེ་རི་ནས་བབས་ཡོང་བའི་སྐབས་དང་བསྟུན་ནས་མཚན་མོ་མང་ཚོགས་གུར་ནང་བསྡུས་ཏེ་སྒྲོག་འགྲེལ་སློབ་ཁྲིད་བྱེད་པའི་ཐབས་ལ་བརྟེན་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ”དང་། “དབྱར་རྩྭ་དགུན་འབུ་འཐུས་པ་ལས་བྱུང་བའི་ཡོང་འབབ་ཇི་ལྟར་བེད་སྤྱོད་བྱེད་པ” “དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང”སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། ད་ཆ་སྒྲོག་འགྲེལ་ཐེངས་12བྱས་པར་མང་ཚོགས་མི་ཐེངས་260ལྷག་ཞུགས་ནས་སློབ་གསོ་ཐེབས་ཚད་98%ཡན་ཟིན་ཡོད།

ནག་ཆུ་ནི་རང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་ཡིན་ཞིང་། འདི་ལོའི་ཟླ་5ཚེས་12ཉིན་ནས་བཟུང་སོག་རྫོང་དང་། འབྲི་རུ། སྦྲ་ཆེན། ལྷ་རི། ནག་ཆུ། སྙན་རོང་བཅས་རྫོང་ཁག་6ཏུ་དབྱར་རྩྭ་དགུན་འབུ་འཐུ་འགོ་ཚུགས་ཡོད།

“འདི་ལོ་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་མཁན་ནག་ཆུའི་ཤང་གྲོང་48ཀྱི་མི་139016ཟིན་པ་དང་། དབྱར་རྩྭ་དགུན་འབུ་འཐུ་ཆོག་པའི་ལག་ཁྱེར་145657སྤྲད་པ། ལས་དོན་ཚོགས་ཆུང་གི་མི་གྲངས་2673ཟིན་པ། ཉེན་རྟོག་པ་849བཏང་བ། ཞིབ་བཤེར་བྱ་ཡུལ་237བཙུགས་པ། གནས་སྐབས་ཏང་ཀྲི་པུའུ་444བཙུགས་ཡོད”ཅེས་ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲན་ཅིན་རུང་གིས་གསར་འགོད་པར་བཤད།

འདི་ལོ་ནག་ཆུ་ས་ཁུལ་གྱི་རྫོང་ཁག་གིས“སྔ་ཙམ་གྲལ་བཤེར་དང་། ཤེས་རྟོགས་ཐུབ་པ། སྟངས་འཛིན་ཐུབ་པ། ཐག་གཅོད་ཡག་པོ་བཅས་ཐུབ་པ”བཅས་ཀྱི་བླང་བྱ་ལྟར་རྫོང་དང་ཤང་གྲོང་ཁག་གིས་སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱས་ཏེ་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོའི་འགལ་ཟླ་དང་རྩོད་གཞི་ཁག་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་ཉེན་ཁ་སེལ་ཐབས་བྱས་ཡོད།

2017ལོར་རྫོང་ཁག་ནས་དབྱར་རྩྭ་དགུན་འབུ་དང་རྩྭ་རའི་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་རྩོད་གཞི་14གྲལ་བཤེར་ཐུབ་པ་རྣམས་ལ་རེ་རེ་བཞིན་ལས་ཀའི་ཞིབ་ཕྲའི་ཐོ་འགོད་རེའུ་མིག་དང་འདུམ་འགྲིག་ཇུས་གཞི་བཟོ་བ་དང་། ལས་དོན་ཚོགས་ཆུང་འཛུགས་པ། གོ་ཆོད་པའི་བྱ་ཐབས་ལག་ལེན་བསྟར་བ་བཅས་བྱས་ཏེ་དབྱར་རྩྭ་དགུན་འབུ་མ་མཐུས་གོང་འདུམ་འགྲིག་ཡོང་བ་བྱས་པ་མ་ཟད། གྲོས་མཐུན་ཡི་གེའང་བཞག་སྟེ་དབྱར་རྩྭ་དགུན་འབུ་འཐུ་རིང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།