སྙན་རོང་རྫོང་སྤྱི་བདེ་ཅུས་ཀྱིས། དགུན་དུས“སྔོན་འགོག་བཞི”བྱེད་དགོས་པའི་བདེ་འཇགས་སྐོར་དྲིལ་བསྒྲགས་བྱས་པ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་།

| 2017-01-04 10:48:26

འདི་ག་ཚགས་པར་ཁང་དུ་སྙན་རོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྙན་རོང་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ“སྔོན་འགོག་བཞིའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས“དུས་བདེའི་སྙན་རོང”ཧུར་ཐག་བཏོད་པ་རེད།

ཉེན་རྟོག་པས་ལས་ཡུལ་དང་ཁེ་ལས་བྱ་གཞག་ཚན་པར་བསྐྱོད་དེ“མེ་སྐྱོན་སྔོན་འགོག་དང་། རྐུ་མ་སྔོན་འགོག ཁ་བསླུས་སྔོན་འགོག བདེ་འཇགས་ལས་འཛོལ་སྔོན་འགོག”བཅས་ཀྱི་དྲིལ་བསྒྲགས་བྱེད་རིང་བདེ་འཇགས་འགོག་ཟོན་གྱི་རྒྱུན་ཤེས་ཐུང་ངུ་དང་། ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་གི་རྒྱུན་ཤེས། འཕྲོག་བཅོམ་འགོག་ཟོན་གྱི་རྒྱུན་ཤེས་ཐུང་ངུ་། དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན། སྦག་སྦག་མ་བརྐུས་སྔོན་འགོག་གི་རྒྱུན་ཤེས་སོགས་བདེ་འཇགས་སྔོན་འགོག་གི་དྲིལ་བསྒྲགས་ཤོག་ལྷེ་260ལྷག་ཙམ་མང་ཚོགས་ལ་སྤྲད་པ་མ་ཟད། མང་ཚོགས་ཀྱི་བློ་འདྲིར་ངང་རྒྱུད་རིང་པོས་གསལ་འགྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོཌ་ཀྱི་བདེ་འཇཌ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཆེས་ཆེར་བཏང་བ་རེད།

གཞན་ཡང་དགུན་དཔྱིད་མེ་སྐྱོན་ཐོན་སླ་བ་དང་དེ་བཞིན་ཁང་པར་འཛུལ་ནས་རྐུ་རྒྱག་གི་གྱོད་གཞི་ཐོན་མང་བ་དང་རྒན་རྒོན་ལ་མགོ་སྐོར་གཏོང་མང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཉེན་རྟོག་པས་ཉེ་བའི་ལོ་ཤས་རིང་རྩད་ཆོད་པའི་ཁང་པར་འཛུལ་ཏེ་རྐུ་བརྒྱབ་པ་དང་། དྲ་རྒྱའི་ཁ་བསླུས་བརྒྱབ་པ། རྒྱལ་ཡོངས་ཀྱི་བདེ་འཇགས་ལས་འཛོལ་སོགས་ཀྱི་གྱོད་དཔེ་དང་བདེ་འཇགས་ཞིབ་བཤེར་ལས་ཀ་ཟུང་འབྲེལ་བྱས་ཏེ“གྱོད་དཔེ་གསལ་འགྲེལ་བྱས་ནས་འགོག་ཟོན་བྱེད་སྟངས་སློབ་པ་དང་། གྱོད་དཔེ་གསལ་འགྲེལ་བྱས་ནས་བདེ་འཇགས་ཡོང་བའི”ཐབས་ཤེས་བརྒྱུད་དེ་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་བ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།