གངས་བབས་པའི་རྐྱེན་གྱིས་བོད་ལྗོངས་མེ་ཏོག་གིས་དགུན་དུས་རྐང་ཐང་མའི་ལམ་ཐིག་གནས་སྐབས་བཀག་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2014-12-18 00:15:19

དགུན་དུས་གངས་བབས་པའི་རྐྱེན་གྱིས་བོད་ལྗོངས་ཤར་རྒྱུད་ཀྱི་མེ་ཏོག་རྫོང་དང་སྨན་གླིང་རྫོང་ཡུལ་སྐོར་ཅུས་ཀྱིས་ཕད་གྲོང་རྡལ་ནས་འབྲས་སྤུངས་ཤང་བར་གྱི་མེ་ཏོག་ཏུ་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་ལམ་བུ་དངོས་སུ་བཀག་པ་རེད  གསར་འགོད་པས་མེ་ཏོག་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཉེ་ཆར་མེ་ཏོག་རྫོང་དུ་སྐྱོད་པའི་རྐང་ཐང་མའི་ལམ་རྒྱུད་དུ་གངས་ཆེན་པོ་བབས་སྟབས་གནས་སྐོར་བ་ལམ་ནོར་ཐེབས་པ་དང་འདྲེད་ལྷུང་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་སླ་པོ་ཡོད།བདེ་འཇགས་ཀྱི་ཆེད་དུ་ལམ་བུ་དེ་འགོག་རྒྱུ་ཡིན་པ་དང་ཚོད་དཔག་བྱས་ན་ཕྱི་ལོའི་ཟླ་བཞི་པར་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།