སྨན་གླིང་ཞིང་ར་བོད་ལྗོངས་ཀྱི་དེང་རབས་ཅན་གྱི་ཞིང་ར་ཆེ་ཤོས་སུ་འགྱུར་བ།

ང་་ད་་གསར་འར་་གས།

| 2014-12-18 00:15:19

ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་ནས་རྡོག་ཐོན་བྱས་ཏེ་རླངས་འཁོར་ཤར་ལྷོའི་མཚམས་སུ་ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་རྗེས་གསར་འགོད་པ་གཞི་ཁྱོན་ཆེ་བའི་དེང་རབས་ཅན་གྱི་ཞིང་ར་ཆེན་པོར་སླེབས་པ་བྱུང་སྟེ་དེ་ནི་སྨན་གླིང་ཞིང་ར་སྐར་མ་གསོ་ཚགས་རྟེན་གཞི་རེད།རིམ་པ་སྟར་ཆགས་ཀྱི་དེང་རབས་ཅན་གྱི་དྲོད་ཁང་ཆེན་པོ་ཉི་འོད་འོག་བཀྲག་མདངས་དེ་བས་འཚེར་ཞིང་།དྲོད་ཁང་ནང་གི་སྔོ་ཚལ་སོས་པ་དང་མེ་ཏོག་སྣ་ཚོགས་ལས་གསར་འགོད་པའི་ཡིད་དབང་འཕྲོག་བྱུང་།དྲོད་ཁང་གི་ཕྱིར་མཆེ་བ་བཏང་བའི་ཀུ་ཤུའི་སྡོང་པོ་ལས་དཔྱིད་དུས་ཀྱི་རྣམ་པ་མཚོན།

སྨན་གླིང་ཞིང་རའི་ཏང་ཨུད་ཧྲུའུ་ཅི་ཁྲང་ཀྲང་ཤའོ་ཧྭ་ཤིན་གྱིས་གསར་འགོད་པར་ལོ་མང་འབད་བརྩོན་བྱས་པ་བརྒྱུད་ད་ཆ་སྨན་གླིང་ཞིང་ར་རང་ལྗོངས་ཀྱི་ཤིང་ཏོག་འདེབས་འཛུགས་རྟེན་གཞི་དང་ཤིང་འབྲས་ཀྱི་སྡོང་ཕྲུག་བརྒྱུད་སྤེལ་རྟེན་གཞི།ས་མཐོའི་འདབས་ཆགས་རིགས་ཀྱི་གསོ་ཚགས་རྟེན་གཞི་ཆེ་ཤོས་སུ་འགྱུར་ཡོད་ཅེས་བཤད།

ཤའོ་ཧྭ་ཤིན་གྱིས་མིག་སྔར་སྨན་གླིང་ཞིང་རར་མུའུ་1380ཟིན་པའི་སྤུས་ལེགས་ཀུ་ཤུའི་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་།ཡུག་སྦྲེལ་ལྕགས་སྒྲོམ་གྱི་དྲོད་ཁང་ཆེན་པོ་145དང་མུའུ་100ཟིན་པའི་ས་མཐོའི་ཀྭ་རིགས་དང་ཤིང་ཏོགསྔོ་ཚལ་འདེབསའཛུགས་རྟེན་གཞི་ཡོད་པ་དང།ཞིང་རའི་ནང་གི་ས་མཐོའི་ཁྱད་ཆོས་ལྡན་པའི་མེ་ཏོག་འདེབས་གསོའི་རྟེན་གཞི་མུའུ་80ཟིན་པ་དང་།ད་དུང་སྤུས་ལེགས་ཤིང་འབྲས་ཀྱི་སྡོང་ཕྲུག་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་ཁེར་རྐྱང་གི་དྲོད་ཁང་ཆེན་པོ་150དང་མུའུ་1500ཟིན་པའི་བོད་སྨན་སྨན་རྩ་འདེབས་འཛུགས་རྟེན་གཞི་ཡོད་པ།གཞི་ཁྱོན་ཅན་གྱི་སྐྱེ་དངོས་གསོ་སྤེལ་རྟེན་གཞི་ལས་ལོ་རེར་སྒོ་ང་ཏུན་700ལྷག་ཙམ་ཐོན་པ་དང་།ཕག་པ་ཁྲི་1.5ལྷག་ཙམ་བཤས་གཏོང་གི་ཡོད།ཞིང་རར་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་དང་།རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཚོང་གཉེར་སྣེ་འདྲེན་ཁེ་ལས་སོགས་ཀྱི་མཚན་སྙན་ཐོབ་པ་དང་།2012ལོར་ཞིང་ལས་པུའུ་ཡིས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞིར་གཏན་འཁེལ་བྱས་པ་དང་དེ་ནས་ཐོན་པའི་སྒོ་ང་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་སུ་གཏན་འཁེལ་བྱས་པ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

ཤའོ་ཧྭ་ཤིན་གྱིས“2012ལོར་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་ཞིང་རས་འཇར་མན་ནས་སྔོན་ཐོན་གྱི་ཕག་པ་ཐོན་སྐྱེད་གསོ་ཚགས་སྒྲིག་ཆས་ནང་འདྲེན་བྱས་ཏེ་2013ལོར་ཕག་པའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་5000ལྷག་ཙམ་ཟིན་ནས་སྲོལ་རྒྱུན་གྱི་ཤིང་འབྲས་དང་སྔོ་ཚལ་སོགས་ཀྱི་ཐོན་ལས་ལས་རྦད་དེ་བརྒལ་ཡོད”ཅེས་ཁོང་གིས་གསར་འགོད་པར་ཕག་པའི་གསོ་ཚགས་སྒྲིག་ཆས་བཙུགས་རྗེས་གསོ་སྤེལ་ར་བས་ར་བའི་ནང་གི་ལས་མི་དང་ས་ཁུལ་འདི་གའི་མང་ཚོགས་ཧུར་ཐག་བསྡུ་ལེན་བྱས་པས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་རེད་ཅེས་ངོ་སྤྲོད་བྱས་བྱུང་།ཞིང་རའི་ལས་མི་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།ཞིང་ར་བཙུགས་པ་ནས་བཟུང་ཁོང་འདི་གར་ལས་ཀ་བྱས་ནས་ད་བར་ལོ་3ཕྱིན་སོང་།ད་ཆ་ཟླ་བ་རེར་ཡོང་བབ་སྒོར་3000ལྷག་ཙམ་འདུག་ཅེས་བཤད།

མིག་སྔར་སྨན་གླིང་ཞིང་རས་ད་ཡོད་ཀྱི་ཐོན་ཁུངས་ཧུར་ཐག་སྤྱད་དེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་གཉེར་སྐྱོང་ལམ་སྲོལ་གསར་གཏོད་བྱས་པ་དང་གྲུབ་ཆ་ལེགས་སྒྲིག་གི་གོམ་སྟབས་སྤོ་མགྱོགས་སུ་བཏང་བས་ཁྱད་ཆོས་ལྡན་པ་དང་འགྲན་ནུས་ལྡན་པའི་ཐོན་སྐྱེད་གྲུབ་ཆ་ཞིག་ཆགས་ཡོད།“གཞི་ཁྱོན་ཆེ་རུ་གཏོང་བ་དང་།གྲུབ་ཆ་ལེགས་སུ་གཏོང་བ།སྦྲེལ་ཐག་རིང་དུ་གཏོང་བ།ཕན་འབྲས་ཆེ་རུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ཁྱད་ལྡན་ཐོན་ལས་ལེགས་པོ་སྒྲུབ་པ་དང་།སྲོལ་རྒྱུན་ཤིངའབྲས་ཐོན་ལས་རྐྱང་པ་ནས་ཐོན་ལས་མང་པོའི་རྣམ་པའི་བར་འགྱུར་ལྡོག་བཏང་སྟེ་གཙོ་བོ་ཀྭ་རིགས་དང།ཤིང་འབྲས།མེ་ཏོགསྔོ་ཚལ།བོད་སྨན་སྨན་རྩ།གསོ་ཚགས་སོགས་ཐོན་ལས་སུ་བྱས་ནས“སྣེ་འདྲེན་ཁེ་ལས་གཅིག་དང་།སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དྲུག”གི་ཐོན་སྐྱེད་རྟེན་གཞི་དང་མེ་ཏོག་དང་ཤིང་འབྲས།སྔོ་ཚལ་བཅས་ཚོང་གཉེར་ལྟེ་གནས།སྤུས་ལེགས་ཤིང་ཏོག་གི་སྡོང་ཕྲུག་འདེབས་འཛུགས་མཁོ་འདོན་ལྟེ་གནས།ཞིང་ལས་ཚན་རྩལ་གསོ་སྦྱོང་ཁྱབ་གདལ་ལྟེ་གནས་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།