སྨན་གླིང་རྫོང་གི་རྒྱ་ཆེའི་ཏང་ཡོན་གྱིས་དོན་དངོས་ལས་དོན་ཁྲོད་དཔེ་དམག་བྱ་རྒྱུའི་བརྩོན་ལེན་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་སྨན་གླིང་རྫོང་ཨུད་ཀྱིས་དོན་ལ་བབས་ས་གསུམ་ཡིན་པའི“སྤྱོད་ཚུལ་དང་།དམངས་ཆེད།དོན་འཁྱོལ”བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང“ཏང་ཡོན་དཔེ་བཟང”གི་དམག་འཐབ་རྒྱག་མཁས་པ་བྱས་ནས་ནུས་ཤུགས་ཡོད་རྒུས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་དོན་དངོས་ལས་དོན་ཁྲོད་བྱས་རྗེས་ཡག་པོ་གཏོད་པ་དང་དཔེ་དམག་བྱ་རྒྱུའི་བརྩོན་ལེན་བྱེད་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཏང་ཡོན་གྱི“གཅུས་གཟེར”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།སྨན་གླིང་རྫོང་ཨུད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བརྟན་ལྷིང་སྲུང་སྐྱོང་གི་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་བདེ་འཇགས་སྐོར་གཡེང་རུ་ཁག་དང་།སྒོ་སྲུང་རུ་ཁགསློབ་སྲུང་རུ་ཁག་སོགས་ཁྱོན་མི་གྲངས་810ཡོད་པའི་བདེ་འཇགས་མཉམ་ཟོན་རུ་ཁག་96བཙུགས་པས་ཏང་ཡོན་རྒྱ་ཁྱབ་ངང་ཞུགས་པ་དང་རྫོང་དང་།ཤང་།གྲོང་ཚོ་བཅས་མཉམ་ཟོན་མཉམ་འཛིན་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་པ་མ་ཟད་ཏང་ཡོན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འགལ་བ་དང་རྩོད་གཞི་གྲལ་བཤེར་གྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་།སྤྱི་ཚོགས་ཀྱི་སྒུལ་ཚུལ་དང་མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་བྱེད་པར་བསྐྱོད་པ།དུས་བབ་ལ་དབྱེ་ཞིབ་དང་དཔྱད་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་མངོན་པའི་རྐྱེན་ངན་སྣ་ཚོགས་19དུས་ཐོག་ཏུ་གྲལ་བཤེར་བྱས་པས་འགལ་བ་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་ཏུ་ཐག་གཅོད་ཐུབ་ཡོད་པ་རེད།དུས་མཚུངས་སྨན་གླིང་རྫོང་གིས་རྒྱ་ཆེའི་ཏང་ཡོན་གྱི་སྣེ་འཁྲིད་དེ་དུས་བདེ་གཏོད་པའི་བྱེད་སྒོའི་ནང་ཞུགས་པ་དང་གསར་གཏོད་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་།གསར་གཏོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ།གསར་གཏོད་བྱེད་སྟངས་གསར་གཏོད་བྱེད་པ།གསར་གཏོད་ཀྱི་དངོས་ཕན་ཆེ་རུ་གཏོང་བ་བཅས་བྱས་པས་རྫོང་དེ་ཡོངས་སུ“ཚང་མས་དུས་བདེ་གསར་གཏོད་དང་ཚང་མས་དུས་བདེ་ལོངས་སྤྱོད”བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་རེད།

ཁྱད་ལྡན་ཐོན་ལས་ནང་ཏང་ཡོན་གྱི“དཔེ་དམག”གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།སྨན་གླིང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རྫོང་དེ་གའི“ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྣེ་ཁྲིད་བྱེད་པའི”འཐབ་ཇུས་ཀྱི་འཕེལ་རྒྱས་ངེས་གནས་གཞིར་བཟུང་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་མ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་ཐོན་ལས་གྲུབ་ཆ་གང་མགྱོགས་ལེགས་སྒྲིག་དང་རིམ་སྤར་བྱས་པས་རྫོང་དེ་ཡོངས་ལ་བོད་ཕག་དང་།བོད་བྱ།ལུགབཞོན་མ་བཅས་གཙོ་བོ་བྱེད་པའི་གསོ་ཚགས་ཁུལ་ཆེ་གྲས་བཞི་ཆགས་པ་དང་སྤུས་ལེགས་ཤིང་འབྲས་དང་སྟར་ཁ་གཙོ་བོ་བྱེད་པའི་ཐོན་ལས་ཁུལ་ཆེ་གྲས་གཉིས་དང་སྤྱི་གནོད་མེད་པའི་སྔོ་ཚལ་དང་།མ་རྨོས་ལོ་ཏོགབོད་སྨན་གྱི་སྨན་རྩྭ་བཅས་འདེབས་འཛུགས་བྱ་རྒྱུ་གཙོ་བོ་བྱེད་པའི་འདེབས་འཛུགས་ལས་རིགས་ཀྱི་རྟེན་གཞི་ཆེ་གྲས་གསུམ་བཙུགས་པ་རེད།མིག་སྔར་སྨན་གླིང་རྫོང་གིས་ཤིང་འབྲས་ཐོན་ལས་ཁུལ་མུའུ་ཁྲི་1འཕེལ་རྒྱས་བཏང་བ་དང་།བོད་ཕག་གསོ་ཚགས་དུད་ཚང་130དང་བོད་བྱ་གསོ་ཚགས་དུད་ཚང་200སྐྱེད་སྲིང་བྱས་པ།གཞི་ཁྱོན་ཅན་གྱི་ལུག་གསོ་ས་7གཙོ་གནད་ཐོག་རོགས་སྐྱོར་བྱས་པ་དང་འཕེལ་རྒྱས་བཏང་བ།སྤུས་ལེགས་ཤིང་འབྲས་དང་།བོད་ཕགབོད་བྱ།བཞོན་མ།སྔོ་ཚལ་བཅས་ཆེད་ལས་ཤང(གྲོང་རྡལ)4དང་ཆེད་ལས་གྲོང་ཚོ་30བཙུགས་པ།སྣེ་འདྲེན་ཁེ་ལས་6ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པ།ཏང་ཡོན་གྱིས་སྣེ་ཁྲིད་ངང་མཉམ་ལས་ཁང་99འཛུགས་རྒྱུར་ལྕག་སྐུལ་བྱས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།