“དམངས་འཚོའི་རྩིས་ཁྲ”མང་པོ་གཉོད་ཆུང་ཚོགས་སྤྱིར་ཁྱབ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-20 10:46:40

གུང་ཁྲན་ཏང་ཡོན་གྱི་ངོས་ནས་བརྗོད་ན་མི་དམངས་ཀྱི་སྤྱི་ཞབས་པ་ཡག་པོ་ཞིག་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་ནི་གཞི་རྩའི་ཚད་གཞི་ཞིག་རེད། ཉིང་ཁྲི་རྫོང་དུ་དམངས་ཆེད་ནི་དམངས་འཚོར་ཕན་པ་འདོགས་པའི་སྲིད་ཇུས་བཟང་པོ་རེ་རེ་བཞིན་ཡིན་པ་དེ་དག་མི་སེམས་ལ་གཏིང་ཟབ་ཟུག་པ་དང་མི་སེམས་དྲོ་བར་བྱེད་ཀྱི་ཡོད།

བྲག་ཡིབ་གྲོང་ཁུལ་དུ་སྐྱོད་སྐབས་དར་རྒྱས་ཆེ་བའི་རྣམ་པས་ཁེངས་པ་དང་མི་སོ་སོའི་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་གྱི་ཡོད། 2013ལོ་ནས་བཟུང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས་ཉིང་ཁྲི་རྫོང་གི་ས་གཞི་དེའི་ཐོག་མི་སེར་ལ་བྱ་གཞག་བསྒྲུབས་པ་དང་གཏོད་པའི་ཚ་རླབས་འཕྱུར་བ་སྟེ། “ཞིང་འབྲོག་པའི་རྫོང་དང་ཤང་རིམ་གཉིས་སྨན་བཅོས་ཀྱི་འགྲོ་སོང་ཚང་མ་རྩ་ཆག་བཏང་བ”“གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མང་ཚོགས་ལ་འཚོ་བའི་ཁ་གསབ་མང་དུ་བཏང་བ”“གཅེས་སེམས་སྒོ་རྩིས་ཚོང་ཁང་བཙུགས་པ” “རྫོང་དང་ཤང་རིམ་གཉིས་བུ་བཅོལ་ཁང་བཙུགས་པ”“ལས་གནས་ལས་བྲལ་བའི་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་བ”“གྲོང་ཚོ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཁང་25བཙུགས་པ”སོགས“དམངས་འཚོའི་རྩིས་ཁྲ”མང་པོ་དེ་དག་གཉོད་ཆུང་ཚོགས་སྤྱི་ཚང་མར་ཁྱབ་པ་དེ་རེད།

“ཉིང་ཁྲི་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚང་མར་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་དུ་འཇུག་དགོས”ཞེས་པའི་ཁས་ལེན་མང་པོ་དེ་དག་གི་རྒྱབ་ཏུ་ཉིང་ཁྲི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཆོང་སྐྱོད་བྱུང་བ་མཚོན་པ་སྟེ། 2014ལོར་ཉིང་ཁྲི་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་གཅིག་གི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་ཉིང་ཁྲི་ས་ཁུལ་གྱི“སྒོར་དུང་ཕྱུར་གཅིག་འགག་སྒོ་ཆེན་པོ་ལས་བརྒལ་བའི”རྫོང་འབའ་ཞིག་ཏུ་གྱུར་བ་དེ་རེད།

ཉིང་ཁྲི་རྫོང་གི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་པད་མ་དབང་མོའི་སེམས་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཞི་རིམ་མང་ཚོགས་ལ་སེམས་ཁུར་བྱེད་པ་དེ་ནི་ཁོང་གི་བདེ་སྐྱིད་ཀྱི་འབྱུང་རྩ་ཞིག་རེད།  དེང་སྐབས་ཁོང་གིས་ན་ཚ་ལྟ་སྐབས་རོགས་པ་བྱེད་མཁན་ཡོད་པ་དང་སྡོད་ཁང་ཐད་བསམ་བློ་གཏོང་མཁན་ཡོད་ལ་བུ་ཕྲུག་སློབ་གྲྭར་གཏོང་སྐབས་ཀྱང་རོགས་རམ་བྱེད་མཁན་དང་སེམས་ཁྲལ་བྱེད་མཁན་ཡོད། “ད་ཆ་ང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡོད”ཅེས་པད་མ་དབང་མོས་བཤད།

ན་ནིང་ཟླ་དགུ་པར་སྦེ་པ་གྲོང་རྡལ་དུ་ཡོད་པའི་བསོད་ནམས་དབང་ཆེན་གློ་བུར་དུ་ཚ་བ་རྒྱག་པ་དང་། གློ་ལངས་པ། ལུད་པ་མང་བ་བཅས་ཀྱིས་རྐྱེན་པས་ནང་མིས་ཁོང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱལ་ནས་གློ་ཚད་ཕོག་པའི་གཏན་འཁེལ་བྱས་པ་དང་འཕྲོད་བསྟེན་ཁང་གི་སྨན་པས་ཁོང་ཉིང་ཁྲི་རྫོང་མི་དམངས་སྨན་ཁང་དུ་སྔར་བས་སྨན་བཅོས་བྱེད་པར་བསྐྱོད་རྒྱུའི་གྲོས་འགོ་བཏོན་པ་རེད། ཚེ་གང་རིང“ནད་ཆེན”དེ་འདྲ་ཐེངས་དང་པོ་ཕོག་པ་ཞིག་ཡིན་པས་སེམས་མི་བདེ་བ་བྱུང་བ་སྟེ། “འགྲོ་སོང་མང་པོ་གཏོང་ཐུབ་ཨེ་ཡོང་སྙམ”གྲོང་ཚོའི་ལས་བྱེད་པས་ཁོང་ལ་ཐོབ་ཐང་ལག་ཁྱེར་འཁྱེར་ནས་སྨན་ཁང་དུ་ཨང་ཀི་བཀག་པར་སྐྱོད་ཚེ་སྨན་རིན་ཚང་མ་རྩ་ཆག་གཏོང་བའི་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱེད་ཆོག་ཅེས་བཤད།

དེ་ནི་ཉིང་ཁྲི་རྫོང་གི་ཁྱབ་ཁོངས་ནང་ཁྱབ་གདལ་གཏོང་བའི“ཞིང་འབྲོག་པའི་རྫོང་དང་ཤང་རིམ་གཉིས་ཀྱི་སྨན་བཅོས་འགྲོ་སོང་རྩ་ཆག་གཏོང་བའི”སྲིད་ཇུས་དེ་རེད། ཉིང་ཁྲི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཡུས་ཏན་གྱིས་གསར་འགོད་པར་ཉིང་ཁྲི་རྫོང་གི་ཐེམ་ཐོ་ཡོད་པ་མ་ཟད་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་པའི་ཞིང་འབྲོག་པ་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་སོང་ཚང་མ་དུས་ཐོག་ཏུ་རྩིས་མཇུག་བསྒྲིལ་ནས་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ནས་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་འགྲོ་སོང་རྩིས་ཞུ་བསྡོམས་རྩིས་རྒྱག་པ་དང་། རྫོང་འཕྲོད་བསྟེན་ཅུས་ཀྱིས་ཞིབ་བཤེར་བྱེད་པ། ནད་ཆེན་སྤྱི་འདོམས་ཐེབས་རྩ་དེ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བསྡད་ན་འགྲོ་སོང་90%རྩིས་ཞུ་བྱེད་པ། རྫོང་རིམ་པའི་སྨན་ཁང་དུ་བསྡད་ན་འགྲོ་སོང་85%རྩིས་ཞུ་བྱེད་པ། རྫོང་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་དེ་ཤང་གྲོང་འཕྲོད་བསྟེན་ཁང་དུ་བསྡད་ན་འགྲོ་སོང་10%རྩིས་ཞུ་བྱེད་པ། རྫོང་རིམ་པའི་སྨན་ཁང་དུ་བསྡད་ན་འགྲོ་སོང་15%རྩིས་ཞུ་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཉིང་ཁྲི་རྫོང་གི་ཞིང་འབྲོག་པ་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།

ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་བསོད་ནམས་དབང་ཆེན་གྱིས“དངུལ་སྐར་ལི་གཅིག་ཀྱང་གཏོང་མི་དགོས་པར་སྨན་བཅོས་བྱེད་ཐུབ་པ་དེ་ནི་བྱ་བ་བཟང་པོ་ཞིག་རེད”ཅེས་སྲིད་ཇུས་དེར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། སྨན་ཁང་དུ་བསྡད་པའི་འགྲོ་སོང་ཚང་མ་རྩ་ཆག་གཏོང་ཁར་ཉིང་ཁྲི་རྫོང་གིས་ད་དུང་མ་དངུལ་སྒོར་ཁྲི་700བཏང་ནས་གྲོང་ཚོ་རིམ་པའི་སྨན་བཅོས་ཞབས་ཞུ་ཁང་25བཙུགས་པ་དང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་སྨན་བཅོས་ས་ཚིགས་ལ་རྒྱུན་མཐོང་གི་ནད་གཞི་དང་ཕོག་མང་བའི་ནད་གཞི་སྤྱིར་བཏང་བརྟག་དཔྱད་སྨན་བཅོས་དང་སྨན་ཁང་གཞན་ལ་གཏོང་བའི་ནུས་པ་ལྡན་པར་བརྟེན་ཞིང་འབྲོག་པ་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱུང་བ་དང་ཞིང་འབྲོག་པའི་ནད་གཞི་ཆུང་གྲས་ཐག་ཉེ་སར་སྨན་བཅོས་བྱེད་ཐུབ་པ་བྱུང་ནས“ནད་གཞི་ཆུང་གྲས་གྲོང་ཚོ་ནས་ཕྱིར་སྐྱོད་མི་དགོས་པ་དང་། ནད་གཞི་འབྲིང་གྲས་གྲོང་རྡལ་ནས་ཕྱིར་སྐྱོད་མི་དགོས་པ། ནད་གཞི་ཆེ་གྲས་རྫོང་ནས་ཕྱིར་སྐྱོད་མི་དགོས་པ”བཅས་བྱེད་ཐུབ་པ་བྱུང་ཡོད།

ལས་གནས་ནས་བྲལ་བའི་གྲོང་ཚོ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་རྒན་གྲས་ཀྱི་ཐོབ་ཐང་མཐོ་རུ་བཏང་བ།

ད་ལོ་ལོ་68ལ་སླེབས་པའི་ཚེ་རིང་དོན་གྲུབ་ནི་བུ་ཆུ་ཤང་རྒྱན་ཆད་གྲོང་ཚོའི་ལས་གནས་ནས་བྲལ་བའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་1965ལོ་ནས་2005ལོའི་བར་རྒྱན་ཆད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ཡོད། ལས་གནས་ནས་བྲལ་རྗེས་བུ་རྒན་པ་ཁྱིམ་ཚང་ལོགས་སུ་དོན་པ་དང་། ཚེ་རིང་དོན་གྲུབ་སྔ་ས་ནས་ངལ་རྩོལ་ནུས་ཤུགས་ཉམས་པ། ཁྱིམ་དུ་ད་དུང་བུ་མོ་ཆུང་བ་གསོ་དགོས་པར་བརྟེན་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། “ད་ཆ་ང་ལ་ཟླ་རེར་ལས་འཁྱུར་གསབ་དངུལ་སྒོར་600ཡོད་པ་དང་ཏང་དང་རྒྱལ་ཁབ་ཀྱིས་ད་དུང་ང་ཚོ་ལས་བྱེད་པ་རྒན་གྲས་དེ་དག་བརྗེད་མེད”ཅེས་ཚེ་རིང་དོན་གྲུབ་ཀྱིས་དགའ་སྤྲོའི་སྒོ་ནས་བཤད།

“མངོན་གསལ་དོད་ཤོས་ཤིག་ནི་ན་ནིང་གྲོང་ཚོ་དེར་ཏང་ཡོན་6ལས་མེད་པ་དེ་དག་མང་ཆེ་བ་གྲོང་ཚོའི་ལས་བྱེད་པའི་སྐུལ་ལྕག་འོག་གཞི་ནས་ཏང་ནང་ཞུགས་པ་ཞིག་ཡིན་པ་དང་ད་ལོ་གྲོང་ཚོ་དེར་གྲོང་མི་20རང་མོས་ངང་ཏང་ནང་ཞུགས་ནས་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་དཔུང་ཁག་གློ་བུར་དུ་སྟོབས་ཆེར་ཕྱིན་ཡོད”ཅེས་ད་ཆ་རྒྱན་ཆད་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པའི་ཚེ་བརྟན་གྱིས་དགའ་སྤྲོའི་སྒོ་ནས་གསར་འགོད་པར་སྲིད་ཇུས་དེའི་དགེ་མཚན་ངོ་སྤྲོད་བྱས་པ་རེད།

ཉིང་ཁྲི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མིག་ཚེས་གསར་འགོད་པར་ལས་གནས་ནས་བྲལ་བའི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནི་གྲོང་ཚོའི་ནང་གི་རྐང་འཛིན་པ་ཡིན་པས་གྲོང་གསེབ་ལ་བརྩེ་སེམས་ཟབ་མོ་ལྡན་པ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་དེ་བས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་། བྱེད་ཐབས་དེས་ལས་གནས་ནས་བྲལ་བའི་ལས་བྱེད་པ་རྒན་གྲས་ཀྱིས་མུ་མཐུད་སེམས་ནུས་ལྷག་མ་འདོན་རྒྱུར་ཕན་པ་ཡོད་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་བྱ་གཞག་གསར་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་དར་སྤེལ་གཏོང་རྒྱུར་དེ་བས་ཀྱང་ཕན་པ་ཡོད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ཇུས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་བཅས་རེད་ཅེས་བཤད་པ་རེད།

ལས་གནས་ནས་བྲལ་བའི་གྲོང་ཚོའི་ལས་བྱེད་ཙམ་མ་ཟད་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ལྟོ་གོས་ཀྱི་གནད་དོན་དེར་ཉིང་ཁྲི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཟོག་གོང་གི་ཚད་གཞི་རྒྱུན་ཆད་མེད་པར་འཕར་བ་དང་བསྟུན་ནས་ད་ལྟ་ལག་ལེན་བསྟར་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དང་ཁ་གསབ་ཀྱི་ཚད་གཞི་དེས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་བྱེད་མི་ཐུབ་པར་བརྟེན་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་ཉིང་ཁྲི་རྫོང་གིས་2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོ་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་འཚོ་བའི་ཁ་གསབ་མི་རེར་ལོ་རེར་སྒོར་1000མཐོ་རུ་བཏང་ནས་ལོ་དེའི་ཟླ་12པར་ཐེངས་གཅིག་ལ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

“དངུལ་དེ་ནི་དངོས་འབྲེལ་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུ་རེད”ཅེས་ཉིང་ཁྲི་རྫོང་གི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་པད་མ་དབང་མོས་གནས་ཚུལ་དེ་ཤེས་རྗེས་མིག་ལ་མཆི་ཞག་འཁོར་བཞིན་དུ་ང་ལ་གསོ་དགོས་པའི་བུ་ཕྲུག་དྲུག་ཡོད་པའི་ནང་ནས་ཆེ་ཤོས་ལོ་15དང་ཆུང་ཤོས་ལོ་1ཡིན་ཞེས་བཤད། 2007ལོར་པད་མ་དབང་མོ་བསམ་ཡུལ་ལས་འདས་པའི་གནད་དོན་ཐོན་ནས་ངལ་རྩོལ་ནུས་ཤུགས་ཤོར་བར་བརྟེན་ཁྱིམ་ལ་ཡོང་འབབ་གཏན་ནས་མེད་པ་རེད། སྲིད་ཇུས་དེ་ལག་བསྟར་བྱས་རྗེས་པད་མ་དབང་མོའི་ཁྱིམ་ལ་ལོ་གཅིག་ལ་སྒོར་8000མང་དུ་ཕྱིན་ནས་ཁྱིམ་གྱི་དཀའ་ངལ་ཧ་ཅང་ཆུང་དུ་ཕྱིན་པ་རེད།

སྒོར་ཁྲི་2000གི་འཕེལ་རྒྱས་ཐེབས་རྩས་གཞི་རིམ་སྟོབས་ཆེར་གཏོང་བའི་ནུས་པ་ཆེ་རུ་གཏོང་བ།

གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཉམས་ཞན་ཡིན་པ་དང་གྲོང་ཚོའི་ཏང་རྩ་འཛུགས་ལ“བྱ་བ་སྒྲུབ་པར་དངུལ་མེད་པ”ནི་མིག་སྔར་གྲོང་གསེབ་ཀྱི་གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཚོད་འཛིན་ཕོག་པའི་ཡོངས་ཁྱབ་ཀྱི་དཀའ་གནད་ཅིག་ཡིན་པ་དང་ཉིང་ཁྲི་རྫོང་དུའང་དེ་ལྟར་རེད། དེའི་ཐད་ཕེང་ཡུས་ཏན་ལ་ངོས་འཛིན་གསལ་པོ་ཞིག་ཡོད་པ་སྟེ། “གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེ་རུ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་ལ་དེ་བས་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བའི་དགོས་གཏུགས་ཀྱི་བླང་བྱ་ཞིག་ཀྱང་རེད”ཅེས་བཤད།

དེར་བརྟེན་ཉིང་ཁྲི་རྫོང་གིས་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད་བོད་སྐྱོར་མ་དངུལ་སྒོར་ཁྲི་2000བཀོད་སྒྲིག་བྱས་ཏེ་རྫོང་དེ་ཡོངས་ཀྱི་གཞི་རིམ་རྒྱུན་སྲིང་འཕེལ་རྒྱས་འགྲོ་བའི་ཐེབས་རྩར་བརྩིས་པ་དང་དེ་རྫོང་ཁོངས་ཡུལ་སྐོར་ཁེ་ལས་སུ་བཏང་ནས་རྫོང་ཁོངས་ནང་གི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་དང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་སྒྲིག་འཐུས་ཚང་དུ་བཏང་བ་དང་། ལོ་ལྟར་ཡོང་སྒོ་སྒོར་ཁྲི་300བྱུང་བ་དེ་དག་ཚང་མ་ཤང་གྲོང་ཁག་དང་སྲིད་འཛིན་གྲོང་ཚོ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགྲོ་གྲོན་མི་འདང་བའི་གནད་དོན(ལོ་ལྟར་ཤང་གྲོང་ཁག་ལ་འཕེལ་རྒྱས་འགྲོ་གྲོན་སྒོར་ཁྲི་20བཀོད་སྒྲིག་དང་སྲིད་འཛིན་གྲོང་ཚོ་ཁག་ལ་འཕེལ་རྒྱས་འགྲོ་གྲོན་སྒོར་ཁྲི་2བཀོད་སྒྲིག་བྱེད་པ)2014ལོའི་འཕེལ་རྒྱས་ཀྱི་འགྲོ་གྲོན་ལོ་དེ་གའི་ཟླ་12པར་དོན་འཁྱོལ་བྱུང་བ་རེད།

ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་གོག་ཧྲུལ་དུ་གྱུར་པས་གྲོང་ཚོའི་ནང་གི་མི་སེར་ཚོས་རིག་གནས་བྱེད་སྒོ་ཁང་ཉམས་གསོ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། འོན་ཀྱང་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་མེད་པས་བྱ་བ་དེ་སྒྲུབ་ཐུབ་མེད། ན་ནིང་ལོ་མཇུག་ཏུ་ཉིང་ཁྲི་གྲོང་རྡལ་ལ་འཕེལ་རྒྱས་འགྲོ་གྲོན་སྒོར་ཁྲི་20བྱུང་བ་དང་དོན་དག་དང་པོ་ནི་ཀླུ་སྟེང་གྲོང་ཚོའི་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་གི་ཉམས་གསོའི་ལས་དོན་དེ་ཉིན་རེའི་གྲོས་རིམ་ནང་བཅུག་པ་དང་ད་ལྟ་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

ཉིང་ཁྲི་གྲོང་རྡལ་གྱི་ཀྲེན་ཀྲང་ཅང་ཧུའེ་ཡིས་གསར་འགོད་པར་གྲོང་རྡལ་ནང་གི་སྒོར་ཁྲི་20ཡི་འཕེལ་རྒྱས་འགྲོ་གྲོན་དེ་གྲོང་ཚོའི་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱད་རྒྱུ་རེད་ཅེས་བཤད། “ང་ཚོར་བྱ་བ་སྒྲུབ་པའི་དངུལ་ཡོད་པས་མང་ཚོགས་ཀྱིས་ཀྱང་ང་ཚོར་དེ་བས་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག”ཅེས་ཅང་ཧུའེ་ཡིས་དགོད་བཞིན་དུ་གསར་འགོད་པར་བཤད།

དེ་ཙམ་མ་ཟད་ཉིང་ཁྲི་རྫོང་གིས་ད་དུང་བསྐྲུན་ཚར་ཉེར་ཡོད་པའི་ཉིང་ཁྲི་རྫོང་ཕྱོགས་བསྡུས་ཚོང་རའི་གྲོང་ནང་ནས་ཉིང་ཁྲི་རྫོང་གི་གྲོང་ཚོ་དང་གྲོང་ལྷན་ཚང་མར་རིན་མེད་ངང་གཞུང་ལམ་རྒྱུད་ཀྱི་ཚོང་ཁང་རེ་སྤྲད་ནས་མཉམ་སྡེབ་ཀྱི་འགྱུར་མེད་མ་རྩར་བྱས་པ་རེད། ཞིང་འབྲོག་པའི་དཔལ་འབྱོར་རྩ་འཛུགས་དང་འབྲེལ་བ་ཡོད་པར་ཡུན་རིང་བརྟན་པའི་དཔལ་འབྱོར་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

“དམངས་འཚོ་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པས་ཉིང་ཁྲི་རྫོང་གི་ལས་བྱེད་མང་ཚོགས་ཚང་མས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འབྲས་བུ་གཡུར་དུ་ཟ་བ་མཉམ་སྤྱོད་བྱེད་ཐུབ”ཅེས་བཅར་འདྲི་མཇུག་བསྒྲིལ་སྐབས་ཕེང་ཡུས་ཏན་གྱིས་སླར་ཡང་ཁས་ལེན་ནན་པོ་བྱས་པ་རེད།

ཉིང་ཁྲི་རྫོང་གི“དམངས་འཚོའི་རྩིས་ཁྲ”མང་པོ་དེ་ལས་མི་སེར་ཚོ་སེམས་དྲོ་སོབ་སོབ་ཅིག་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།