ཉིང་ཁྲི་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་འཕེལ་རྒྱས་ཡོང་བ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-17 10:42:15

འདི་ལོ་ནས་བཟུང་ཉིང་ཁྲི་རྫོང་གིས་ཉིང་ཁྲི་ས་ཨུད་ཀྱིས་བཏོན་པའི“233”གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་ཕྱོགས་དང་གཞི་རིམ་ལ་སྣང་ཆེན་དང་། གཞི་རིམ་ལ་ཐུགས་ཁུར། གཞི་རིམ་ལ་རྒྱབ་སྐྱོར་བཅས་ཀྱི་བླང་བྱར་གཞིགས་ནས། དཔུང་ཁག་ལ་དམ་འཛིན་དང་། ཚད་ལྡན་ལ་དམ་འཛིན། གསོ་སྦྱོང་ལ་དམ་འཛིན། ཞབས་ཞུར་དམ་འཛིན། ལམ་སྲོལ་ལ་དམ་འཛིན་བཅས་བྱ་རྒྱུ་ནས་འགོ་བཙུགས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད།

དཔུང་ཁག་ལ་དམ་འཛིན་གྱིས་ཚད་ཤིང་བཏོད་ཅིང་། ཉིང་ཁྲི་རྫོང་གིས་ས་ཁོངས་འཕེལ་རྒྱས་དང་སྤྱི་ཡོངས་མཐོར་གཏོང་གི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཕྱུག་འགྱུར་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། མང་ཚོགས་ཀྱི་ངོས་འཛིན་བྱ་ཤུགས། འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་ཤུགས་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དད་སེམས་སྲུང་བ་དང་། ལེགས་སྐྱེས་ལ་སྣང་ཆེན། འཇོན་ཐང་ཡོད་པ། ཀུན་སྤྱོད་ལ་མཐོང་ཆེན་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་བྱེད་དཔུང་ཁག་གསོ་སྐྱོང་དང་འོས་འདེམས་བྱས་ཡོད་ལ་ཏང་དོན་ལས་དོན་དང་དཔལ་འབྱོར་ལས་དོན་ཐད་རྒྱུས་མངའ་ཡོད་པ་ཙམ་མ་ཟད། ལས་གནས་མང་པོའི་ཐོག་སྦྱོང་བརྡར་ཐེབས་མྱོང་བའི་ལས་བྱེད་པ་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅིར་འོས་འདེམས་བྱས་ཡོད། 2014ལོ་ནས་བཟུང་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི་4ལེགས་སྒྲིག་བྱས་པས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འཇོན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གཞན་ཡང་ད་དུང་2014ལོའི་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱས་པ་བརྒྱུད་གྲུབ་ཆ་ལེགས་པ་དང་། བྱང་ཚད་མཐོ་བ། འཇོན་ཐང་ཆེ་བ། ཏང་ཡོན་དང་མང་ཚོགས་ཀྱི་ངོས་འཛིན་བྱེད་ཚད་མཐོ་བ་བཅས་ཀྱི་ཚན་ཁག་ཡག་པོ་ཞིག་བདམས་ཐོན་བྱུང་བས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད།

ཚད་ལྡན་ལ་དམ་འཛིན་གྱིས་རྨང་གཞི་བརྟན་དུ་བཏང་ཞིང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གཞི་རྟེན་དུ་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་གཞུང་སྒྲུབ་དང་གྲོང་མིའི་ལས་སྒོ་ཚབ་གཉེར་སོགས་གཞི་གཅིག་གི“གྲོང་མིའི་ཞབས་ཞུའི་ལྟེ་གནས”བཙུགས་ཡོད། དེ་དང་ཆབས་ཅིག་ཞབས་ཞུའི་ནང་དོན་དང་། ཞབས་ཞུའི་མི་སྣ། སྒྲུབ་གཉེར་གྱི་དུས་བཀག་བཅས་ཡོངས་བསྒྲགས་ཀྱིས་རྫོང་དང་ཤང་གི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་གཙོ་བོར་བྱས་ཏེ་དུས་བཀག་ནང་ཞབས་ཞུའི་ལྟེ་གནས་སུ་གཅིག་སྡུད་ཞབས་ཞུ་བྱེད་ཀྱི་ཡོད་པས་ལས་དོན་ཁག་ལྔ་གྲོང་ཚོ་དེ་རང་དུ་ཐག་གཅོད་ཐུབ་ཡོད། གཞན་ཡང་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་ཁུལ་གྱི་ལས་ཀའི་འགན་ནུས་དབྱེ་འབྱེད་ལ་གཞིགས་ནས་གྲོང་ཚོའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་། གྲོང་ཚོའི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་། ཏང་ཡོན་གྱི་ཡིག་ཚགས(མི་རེར་དེབ་རེ)ཞིང་འབྲོག་པའི་དུད་ཚང་གི་གནས་ཚུལ། དེང་རབས་རྒྱང་ཁྲིད་སློབ་གསོ། ལམ་ལུགས་འཛུགས་སྐྱོང་བཅས་དང་དེ་བཞིན་ལག་བསྟར་བྱ་ཚུལ་དང་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སོགས་རྩིས་ཐོ་ཁག་7འཐུས་ཚང་དུ་བཏང་ཡོད་པ་རེད།

གསོ་སྦྱོང་ལ་དམ་འཛིན་གྱིས་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་གཞི་ཁྱོན་ཆེ་བའི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་བྱ་རྒྱུ་དེ་ཏང་གིས་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིམ་དབྱེ་འགན་འཁུར་གྱི་རྩ་དོན་གཞིར་བཟུང“ཚལ་ཐོ་རྣམ་པའི”གསོ་སྦྱོང་གཏིང་ཟབ་བྱས་ཡོད། ཤང་གྲོང་ཏང་ཨུད་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་སྔར་བས་ཚད་ལྡན་དུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྒྱང་ཁྲིད་སློབ་གསོའི་སྟེགས་བུར་བརྟེན་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པས་སྲིད་ཇུས་དང་དུས་བབ་དྲིལ་བསྒྲགས་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་གྲལ་བཤེར་བ། འགལ་བ་དང་རྩོད་གཞིའི་འདུམ་འགྲིག་པ། ལས་གཏོད་ཕྱུག་འགྱུར་གྱི་ཆ་འཕྲིན་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། ཉེ་འཁོར་མང་ཚོགས་ལ་ཤུགས་རྐྱེན་དང་སྣེ་ཁྲིད་ཐུབ་པ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས“ཁུལ་གཅིག་གཏོད་པ་དང་། ཡུག་གཅིག་གི་སྣེ་ཁྲིད་པ། ཕྱོགས་གཅིག་ཕྱུག་འགྱུར”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ཞབས་ཞུར་དམ་འཛིན་གྱིས་ཞི་མཐུན་ལ་སྐུལ་འདེད་བཏང་ཞིང་། བོད་སྐྱོར་འཕེལ་རྒྱས་ཐེབས་རྩ་སྒོར་ཁྲི་2000བཏང་ནས་ནུས་ལྡན་བྱ་ཐབས་སྣ་ཚོགས་སྤྱད་དེ་དམངས་ལ་དོན་དངོས་སྒྲུབ་པའི་གཞི་རིམ་གྱི་གྲོན་དངུལ་མང་དུ་བཏང་བས་གཞི་རིམ་གྱི་བྱ་གཞག་དང་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་། རྫོང་དེ་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ཀྱི་མིང་དང་། ལས་གནས། འབྲེལ་གཏུག་བྱེད་སྟངས། འབྲེལ་གཏུག་བྱ་ཡུལ་སོགས་ཀྱི་ཆ་འཕྲིན་འཁོད་པའི་དམངས་ཕན་ཞབས་ཞུའི་འབྲེལ་གཏུག་གཱ་4000སྤྲད་དེ་མང་ཚོགས་ཀྱིས་དུས་ཐོག་ཏུ་རེ་ཞུ་བྱེད་བདེ་བ་དང་མང་ཚོགས་ལ་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད། མིག་སྔའི་བར“གཅེས་སེམས་སྒོ་རྩིས་ཚོང་ཁང”འཛུགས་པ་དང་ཁྱབ་གདལ་གཏོང་བའི་ལས་དོན་རྫོང་དེ་ཡོངས་ཀྱི་ཤང་གྲོང་7ལ་ཁྱོན་ཡོངས་ནས་སྤེལ་བར་དུས་འགོའི་མ་དངུལ་སྒོར་ཁྲི་30བཏང་ཡོད།

ལམ་ལུགས་ལ་དམ་འཛིན་གྱིས་གཅེས་སེམས་ལ་སྐུལ་འདེད་བཏང་ཞིང་། “ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅིར་དམ་འཛིན་བྱེད་པའི”ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་སྲོལ་དང“ངེས་པར་དུ་ལྡན་དགོས་པ་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ་དང་གྲོང་ཚོའི་ལས་བྱེད་པའི་རྨང་གཞིའི་ལས་རྗེས་གླ་ཕོགས་དང་བྱ་དགའི་ལས་རྗེས་གླ་ཕོགས་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ལོ་འཁོར་གྱི་དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱུང་ཚུལ་ལ་གཞིགས་ནས། གཅིག་གྱུར་ཐོག་དཔྱད་ཞིབ་དང་བྱ་དགའ་སྤྲོད་པའི་སྔོན་ཐོན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལོ་མཇུག་གོང་ཐེངས་གཅིག་ལ་སྤྲད་ཡོད། དེ་དང་ཆབས་ཅིག་ལས་བྲལ་ཁ་གསབ་དང་། རྒན་གསོའི་འགན་བཅོལ། རིན་མེད་ངང་གཟུགས་པོར་བརྟག་དཔྱད། གྲོང་ཚོའི་ཕུལ་བྱུང་ལས་བྱེད་པ་བདམས་ནས་ཤང་གྲོང་གཞུང་ལས་པར་རྒྱུགས་བསྡུ་སོགས་ཀྱི་གཅེས་སེམས་ལྕག་སྐུལ་ལམ་སྲོལ་བཙུགས་ཡོད། གྲོང་ཚོ(གྲོང་མི)ཏང་རྩ་འཛུགས་ཚན་ཁག་གི་ཁོངས་མིའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོབ་ཐང་ལེགས་སུ་བཏང་བས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཏང་རྩ་འཛུགས་ཚན་ཁག་གི་གསོན་ཤུགས་ནུས་ལྡན་འཕེལ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།