ཉིང་ཁྲི་རྫོང་དུ་དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་ཡོངས་སུ་ཁྱབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-19 10:09:50

ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་བཙུགས་ནས་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ཉིང་ཁྲི་རྫོང་དེ་ཉིད་ལྗོངས་ཡོངས་ཀྱི་དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་རྫོང་དང་ཤང་རིམ་པ་གཉིས་སུ་ཁྱོན་ཡོངས་ནས་ཁྱབ་པའི་རྫོང་ཐོག་མ་དེར་གྱུར་ཡོད།

དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་ནི་གྲངས་འཛིན་ཅན་དང་རིག་ལྡན་ཅན་གྱིས་ཁྱད་ཆོས་གཙོ་བོར་བྱས་པ་དང་སྟབས་བསྟུན་ནུས་ཆེའི་གློག་རྡུལ་ཅན་གྱི་གཞུང་ལས་མཉམ་སྒྲུབ་དང་ཤེས་བྱ་དོ་དམ་གྱི་མ་ལག་ཅིག་རེད།

ཉིང་ཁྲི་རྫོང་གི་དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་གསར་སྤེལ་འཛུགས་སྐྲུན་བྱེད་མཁན་ལས་གྲྭའི་ལག་རྩལ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་ལ་མངགས་བཟོ་དང་། འཆར་འགོད། དོ་དམ། རྒྱ་སྐྱེད་བཅས་བྱེད་ཆོག་པའི་ཁྱད་ཆོས་ལྡན་པ་མ་ཟད། མ་ལག་བཙུགས་པ་བརྒྱུད་ནང་ཁུལ་གྱི་འཕྲིན་གཏོང་སྟེགས་བུ་སྐྲུན་ཐུབ་པ་དང་། ལས་ཀ་སྐོར་སྐྱོད་རང་འགུལ་ཅན་དུ་སྒྱུར་ཐུབ་པ། ཆ་འཕྲིན་བརྡ་ཁྱབ་སྟེགས་བུ་སྐྲུན་ཐུབ་པ། ཡིག་ཆ་དོ་དམ་རང་འགུལ་ཅན་དུ་སྒྱུར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་དེས་དེང་རབས་གཞུང་ལས་གཉེར་སྒྲུབ་དགོས་མཁོ་སྐོང་ཐུབ་ལ་སྲིད་འཛིན་གཞུང་ལས་གཉེར་སྒྲུབ་ཀྱི་མ་གནས་ཀྱང་དམའ་རུ་གཏོང་ཐུབ་ཀྱི་ཡོད། ཉིང་ཁྲི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མིག་ཚེ་ཡིས་གསར་འགོད་པར“དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་ཁྱབ་གདལ་དང་བེད་སྤྱོད་བྱུང་རྗེས་ཉིང་ཁྲི་རྫོང་གིས་ནུས་ཆོད་རྣམ་པའི་སྲིད་གཞུང་དང་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་རེད། ཉིང་ཁྲི་རྫོང་གིས་ལས་ཁུངས་ཁག་གི་འབྲེལ་ཡོད་མི་སྣ་ཁྱོན་ཡོངས་ནས་སྒྲིག་འཛུགས་བྱས་ཏེ་བརྒྱུད་རིམ་ལྡན་ལ་ནུས་པ་ལྡན་པའི་གསོ་སྦྱོང་བྱེད་སྒོ་སྤེལ་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྲིད་འཛིན་མ་གནས་ཆུང་དུ་གཏོང་རྒྱུ། ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

ཉིང་ཁྲི་རྫོང་གི་ལས་དོན་མི་སྣ་ལིའུ་མིང་ལེང་གིས་སྤྲོ་བ་ཆེན་པོས་གསར་འགོད་པར“དྲ་འོད་OAརིག་ལྡན་གཞུང་ལས་གཉེར་སྒྲུབ་མ་ལག་བཙུགས་ནས་ཤར་གཏོང་ཐུབ་རྗེས་ང་ཚོའི་ལས་ཕྱོད་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། ཡུལ་དུས་གང་དུའང་ལས་ཀར་ཞུགས་ཐུབ་པ་དང་། རྩ་འཛུགས་ནང་ཁུལ་གྱི་ལས་ཀའི་འཕེལ་རིམ་དང་གནས་ཚུལ་མགྱོགས་ནས་མྱུར་དུ་ཤེས་རྟོགས་ཐུབ་པ་བཅས་བྱུང་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།