ཉིང་ཁྲི་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

ཉིང་ཁྲི་རྫོང་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མངའ་འོག་གི་རྫོང་ཞིག་ཡིན་ཞིང་། བོད་ལྗོངས་ཤར་ལྷོའི་རྒྱུད་དང་། ཡར་ཀླུང་གཙང་པོའི་བྱང་ངོགས། ཉང་ཆུའི་སྨད་རྒྱུད་དུ་གནས་ཡོད།

མཚོ་བོད་ས་མཐོའི་ས་བབ་དམའ་ཤོས་ཀྱི་ས་ཁུལ་ཡིན་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ལྡན་ཡོད།

2013ལོ་བར་ཉིང་ཁྲི་རྫོང་ཡོངས་སུ་གྲོང་རྡལ་4དང་། ཤང་3 སྲིད་འཛིན་གྲོང་ཚོ་67 གྲོང་མིའི་སྡེ་ཁུལ་4 རང་བྱུང་གྲོང་ཚོ་134བཅས་ཡོད། ཉིང་ཁྲི་རྫོང་དུ་སྤྱིའི་མི་འབོར་ཁྲི་6.7ལྷག་ཙམ་ཡོད།

ཉིང་ཁྲི་རྫོང་ཁོངས་སུ་རྩི་ཤིང་དང་། སྲོག་ཆགས། གཏེར་ཐོན། ཆུ་བོ་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

ཚ་བའི་ས་ཁུལ་ནས་གྲང་ཁུལ་བར་གྱི་སྐྱེ་དངོས་ཚང་མ་སྐྱེ་ཡི་ཡོད་པས“སྔོ་ལྗང་ནོར་མཛོད”ཅེས་པའི་མཚན་སྙན་ལྡན་ཡོད།

རྫོང་དེའི་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་མངའ་ཁོངས་ནང་ཆུ་བོ་དང་ཆུ་ཕྲན་མང་བས་ཆར་ཆུ་དུས་སུ་བབ་ཅིང་།

ཆུ་བོ་གཙོ་བོའི་ནང་ཡར་ཀླུང་གཙང་པོ་དང་ཉང་ཆུ་དང་དེ་བཞིན་ཆུ་རྒྱུན་སྤྱི་ལེ་20ཡན་ཡོད་པའི་ཆུ་ཕྲན་20དང་ལོ་རེའི་ཆུ་བོ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་900ཟིན་སྟབས་གསར་སྤེལ་གྱི་མི་མངོན་པའི་སྟོབས་

ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།