བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གིས་དབུལ་སྐྱོར་གནད་ལ་འཁེལ་བ་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བ།

མི་དམངས་ཉིན་རེའི་ཚགས་པར།

| 2015-04-27 10:51:00

ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གིས་ལས་བྱེད་པ་ཚང་མར་དབུལ་སྐྱོར་བྱ་ཡུལ་གཏན་འཁེལ་བྱས་རྗེས་དབུལ་ཕོངས་དུད་ཚང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དབུལ་ཕོངས་དུད་ཚང་ཚོར་གཅིག་གཏད་གཅིག་གི་གནད་འཁེལ་དབུལ་སྐྱོར་བྱས་པས་དཀའ་ངལ་ཡོད་པའི་དུད་ཚང་ཚོ་དུས་ཡུན་ཅུང་ཐུང་ངུའི་ནང་དབུལ་སྒྲོལ་ཐུབ་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད་པ་རེད།

“སྔོན་ཆད་དབུལ་ཕོངས་དུད་ཚང་གིས་ཚོང་རྒྱག་གི་ཡིན་ཟེར་ནས་ཤང་ལ་དངུལ་སློང་བ་དང་། དངུལ་སྤྲད་ཀྱང་གང་སྤྱད་འདི་སྤྱད་མི་ཤེས་པར་མཐར་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད”དབུལ་ཕོངས་དུད་ཚང་ལ་ལའི་ཁང་པ་རྙིང་རལ་དུ་གྱུར་པ་དང་། ལ་ལར་ཡོང་འབབ་མེད་པ་སོགས་གནས་ཚུལ་མི་འདྲ་བར་དམིགས་ནས་ཤང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱས་ཡོད། “ད་ཆ་ལས་ཀ་ག་རེ་དངུལ་སློང་བར་ཐོག་མར་ལས་ཀའི་ཞིབ་ཕྲའི་ཇུས་གཞི་བཟོས་ནས་སྤྲོད་དགོས”ཞེས་གྲོང་གསར་ཤང་ཨུད་ཀྱི་འགན་འཁུར་བས་བཤད་པ་རེད།

གྲོང་གསར་ཤང་དགོན་པ་གྲོང་ཚོའི་དུད་ཚང་བཅུས་དུད་སྦྲེལ་ཚན་པ་བཟོས་ཏེ་དུད་ཚང་དགུས་སྒོར་ཁྲི་རེ་བཏོན་པའི་ཐོག་དབུལ་ཕོངས་དུད་ཚང་གཅིག་བསྣན་ནས་དགོན་པ་གྲོང་ཚོའི་ཚོང་ཁང་བཙུགས་པ་དང་། ཏང་ཡོན་དུད་སྦྲེལ་སྤྱི་མི་དཀོན་མཆོག་ནོར་བུས་རང་ཉིད་ཀྱི་ཁང་མིག་གཉིས་བཏོན་ནས་ཚོང་ཁང་གཉེར་བར་ལོ་ཕྱེད་ལྷག་ཙམ་རིང་ཁེ་གཙང་སྒོར་ཁྲི་3རག་པ་དང་། “ལོ་ཕྱེད་ནང་ཁེ་སྤོགས་བགོ་བཤའ་ཐེངས་རེ་བརྒྱབ་པར་དུད་ཚང་རེར་སྒོར་1500འདུག”ཚོང་ཁང་གཉེར་ན་དབུལ་ཕོངས་དུད་ཚང་དབུལ་སྒྲོལ་ཡོང་རྒྱུར་ཕན་པ་ཡོད་པས་ཤང་གིས་སྒོར་ཁྲི་1ལྷག་གིས་རོགས་སྐྱོར་བྱས་སོང་ཞེས་དཀོན་མཆོག་ནོར་བུས་བཤད་པ་རེད།

དབྱར་རྩྭ་དགུན་འབུ་མང་བའི་ཤང་ཆེན་པོ་ཞིག་ཡིན་པའི་ཆ་ནས་གྲོང་གསར་ཤང་གི་གྲོང་མི་ཁ་ཤས་ལ་དབྱར་རྩྭ་དགུན་འབུ་ཁོ་ནར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་ཡོད་པ་རེད། དབྱར་རྩྭ་དགུན་འབུ་སྔོག་པའི་དུས་ཚིགས་ཡོལ་རྗེས་དབུལ་ཕོངས་དུད་ཚང་ཡིན་ཡང་ཕྱིར་ལས་ཀར་འགྲོ་འདོད་བྱེད་མཁན་གཅིག་ཀྱང་མེད། ད་ཆ་ཤང་གི་སྣེ་ཁྲིད་འོག་སོ་ཕག་བཟོ་གྲྭ་དང་། ཨར་ལས་རུ་ཁག མི་རིགས་གྱོན་ཆས་བཟོ་གྲྭ་བཅས་ཀྱང་བཙུགས་ཡོད་པ་རེད།

ཀོང་པོ་རྒྱ་མདའ་རྫོང་གི་འགན་འཁུར་བས་ན་ནིང་རྫོང་དེའི་དུད་ཚང་637དང་མི་1628དབུལ་སྒྲོལ་ཐུབ་ཡོད། མིག་སྔའི་བར་ཀོང་པོ་རྒྱ་མདའ་རྫོང་གིས་ཁྱོན་རོགས་སྐྱོར་བྱེད་ཐབས་221བཟོས་པར་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དགུའི་མི་5000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། རྫོང་དེའི་ལོ་རེའི་ཡོང་འབབ་སྒོར་2300མན་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་དབུལ་ཕོངས་དུད་ཚང་ཚང་མ་དབུལ་སྒྲོལ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།