ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོ“ཀྲུང་གོའི་གྲོང་ཚོ་མཛེས་ཤོས་ཆེན་པོ་བཅུའི”གྲས་སུ་ཚུད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉིན་ཤས་གོང་ཞིང་ལས་པུའུ་དང་། ཁོར་ཡུག་སྲུང་སྐྱོང་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་གསར་འགྱུར་པར་སྐྲུན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་ནགས་ལས་ཅུས། ཡུལ་སྐོར་ཅུས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“2014 CCTV ཀྲུང་གོའི་གྲོང་ཚོ་མཛེས་ཤོས་འཚོལ་བའི་བྱ་དགའ་སྤྲོད་པའི་མཛད་སྒོ”དེ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་སློབ་གླིང་དུ་འཚོགས་པར་རང་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་གི་མཚོ་མགོ་གྲོང་ཚོར“ཀྲུང་གོའི་གྲོང་ཚོ་མཛེས་ཤོས་ཆེན་པོ་བཅུའི”མཚན་སྙན་ཐོབ་པ་དེ་ནི་འདི་ལོ“ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན”གྱི་མཚན་སྙན་ཐོབ་རྗེས་ཡང་བསྐྱར་རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པ་ཞིག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་མགོ་གྲོང་ཚོ“ཀྲུང་གོའི་གྲོང་ཚོ་མཛེས་ཤོས་ཆེན་པོ་བཅུའི”གྲས་སུ་ཚུད་དོན་ནི་མཚོ་མགོ་གྲོང་ཚོ་དེ་ཉིང་ཁྲི་ས་ཁུལ་གྱི་ཀོང་པོའི་བོད་རིགས་ཀྱི་སྲོལ་རྒྱུན་གྲོང་ཚོའི་རྣམ་པ་དང་། དམངས་ཁང་བཟོ་བཀོད་ཀྱི་ཁྱད་ཆོས། གོམས་སྲོལ། རིག་གནས། དད་མོས་བཅས་ཁྱོན་ཡོངས་ནས་རྒྱུན་འཁྱོངས་ཐུབ་པའི་གྲོང་ཚོ་འབའ་ཞིག་ཡིན་པའི་ཁར་སྣོད་བཅུད་ལེགས་པ་དང་ཡུལ་ལྗོངས་མཛེས་པས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།