ཀོང་པོ་རྒྱ་མདའ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

ཀོང་པོ་རྒྱ་མདའ་རྫོང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ནུབ་བྱང་རྒྱུད་དང་ཉང་ཆུའི་དབུས་སྟོད་རྒྱུད་དུ་གནས་ཡོད། ཉིང་ཁྲི་ས་ཁུལ་དུ་འགྲོ་སའི་ནུབ་སྒོ་ཆེན་པོ་ཡིན་ཞིང་།

ཁྲོན་བོད་གཞུང་ལམ་གནས་ཡུལ་གཙོ་བོ་དང་ཡུལ་སྟོད་ལྷ་ས་དང་འབྲེལ་བ་དང་ཡུལ་སྨད་ཉིང་ཁྲི་ས་ཁུལ་དང་འབྲེལ་ཡོད་པས། ལྷ་ས་ནས་ཉིང་ཁྲི་ས་ཁུལ་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན།

2000ལོར་ཀོང་པོ་རྒྱ་མདའ་རྫོང་ཡོངས་སུ་གྲོང་རྡལ་3དང་། ཤང(སྡེ་ཁུལ་1དང་སྲིད་འཛིན་གྲོང་ཚོ་88ཚུད་པ)6ཡོད། 2000ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན།

རྫོང་ཡོངས་སུ་སྤྱིའི་མི་འབོར་24971ཡོད།

ཀོང་པོ་རྒྱ་མདའ་རྫོང་ཁོངས་སུ་སྐྱེ་དངོས་ཐོན་ཁུངས་དང་། ནགས་ཚལ་ཐོན་ཁུངས། ནགས་ཁྲོད་ཐོན་ཁུངས། སྨན་རྒྱུའི་ཐོན་ཁུངས། ཆུའི་ཐོན་ཁུངས།

གཏེར་ལས་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་ནས་ཀོང་པོ་རྒྱ་མདའ་རྫོང་གི་ནགས་ཁྲོད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་།

བཟའ་བཅའི་ཤ་མོ་སྣ་ཚོགས་23ཡོད་པའི་ཁྲོད་ནས་ཐོན་ཚད་མཐོ་བའི་ནང་བེ་ཤ་དང་མོག་རོ་སོགས་ཡོད། རྫོང་དེར་དམིགས་བསལ་ཁྱད་ཆོས་ལྡན་པའི་གནམ་གཤིས་ཆ་རྐྱེན་ཡོད་པས་སྨན་རྒྱུ་སྣ་ཚོགས་སྐྱེ་རྒྱུར་འཚམ་པོ་ཡོད།

དབྱར་རྩྭ་དགུན་འབུ་དང་། འཇིབ་རྩི་སྨུག་པོ། ཨ་བྷི་ཥ། སྤང་རྒྱན་དཀར་པོ། སྲོ་ལོ་དམར་པོ། མཁན་པ་ཆིག་སྐྱེ།

སེར་པོ་ཁྲག་རྐང་ཕོ་ལྡུམ་སོགས་སྨན་རྒྱུའི་རིགས་500ལྷག་ཙམ་དང་རྒྱུན་སྤྱོད་སྨན་རྒྱུ་རིགས་200ལྷག་ཙམ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།