ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རིང་ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལུགས་སློབ་གསོ་གཏོང་རྒྱུ་དང་ཁྲིམས་བཅོས་སྐྱོང་ལག་ལེན་བསྟར་རྒྱུ་ཟུང་དུ་འབྲེལ་ཏེ་ལས་ཀ་བྱེད་སྟངས་གསར་པའི་ཐོག་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་སློབ་སྦྱོང་དང་།ཁྲིམས་སྤྱོད་པ།ཁྲིམས་སྲུང་བ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་བཙུགས་ནས་ཟླ་རེར་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་སྦྱོང་གི་སློབ་གསོའི་བྱེད་སྒོ་ཐེངས་རེ་སྤེལ་ཏེ་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་ཐད་ཀར་བྱེད་པའི་ཐོག་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པས་འགལ་རྩོད་གོང་ཞུ་བྱས་པ་གཅིག་ཀྱང་བྱུང་མེད།

ད་ཆ་ཀོང་པོ་རྒྱ་མདའ་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་ཐེངས་80བྱས་པར་དྲིལ་བསྒྲགས་ཤོག་ལྷེ་1824དང་དྲིལ་བསྒྲགས་དེབ་800ལྷག་ཙམ་བཀྲམས་པ་མ་ཟད།“ཁྲིམས་ལུགས་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག”80བཙུགས་ནས་ཁྲིམས་ལུགས་བློ་འདྲི་བ་མི་ཐེངས་90ལྷག་ཙམ་ལ་ལན་བཏབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།