ཀོང་པོ་རྒྱ་མདའ་རྫོང་གི་ལོ་སྟོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱེད་ཀ་ལེགས་གྲུབ་ཟིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

ཉེ་ཆར་གསར་འགོད་པས་ཀོང་པོ་རྒྱ་མདའ་རྫོང་ནས་ཤེས་རྟོགས་བྱུང་གསལ།2014ལོའི་ལོ་སྟོད་དུ་ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱེད་ཀ་ལེགས་གྲུབ་ཟིན་ནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་6.68ཟིན་པ་དེ་དུས་མཚུངས་ལས་23%འཕར་བ་དང་ལོ་འཁོར་དམིགས་ཚད་ལས་འགན་གྱི་53%ལེགས་གྲུབ་ཟིན་ཡོད།

ཀོང་པོ་རྒྱ་མདའ་རྫོང་གི་འབྲེལ་ཡོད་འགན་འཁུར་བས།འདི་ལོ་ནས་བཟུང་ཀོང་པོ་རྒྱ་མདའ་རྫོང་གིས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་དང་།གྲོང་ཁྱེར་དང་གྲོང་རྡལ་སྐྲུན་རྒྱུར་སྤྱི་འདོམས་སྐུལ་འདེད།ཐོན་ལས་སྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ“འཛུགས་སྐྲུན་ཆེ་གྲས་གསུམ”དང་གཙོ་གནད་རྣམ་གྲངས་ཡག་པོ་སྒྲུབ་རྒྱུ་དེ་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་གཙོ་གནད་དུ་བརྩིས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་གསལ།ད་བར་ཀོང་པོ་རྒྱ་མདའ་རྫོང་གིས་འབྱོར་འབྲིང་གྲོང་ཚོ་27སྐྲུན་རྒྱུའི་རྣམ་གྲངས་ཨར་སྐྲུན་གྱི་དུས་མཚམས་སུ་སླེབས་ནས་ལས་གྲྭའི་སྤྱི་འབོར་གྱི་10%ལེགས་གྲུབ་ཟིན་པ་དང་།མ་དངུལ་སྒོར་ཁྲི་14538བཏང་སྟེ་ཞིང་ཁྲོམ་ཚོང་རའི་རིམ་སྤོར་སྒྱུར་བཀོད་སོགས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་20ལག་བསྟར་བྱས་པ།རྫོང་དེ་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱིས་མི་2000ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ།ཡུལ་སྐོར་བ་མི་ཐེངས་ཁྲི་16ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1624.75བྱུང་བ།མ་དངུལ་སྒོར་ཁྲི་1243.99བཏང་སྟེ་སློབ་གསོའི་རྣམ་གྲངས་7ལག་བསྟར་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།