གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལས། རྫ་ཡུལ་སྔར་བས་མཛེས་པར་གྱུར།

མི་དམངས་ཉིན་རེའི་ཚགས་པར།

| 2016-11-09 11:44:41

QQ截图20161109114229.png

འདི་ནི་རྫ་ཡུལ་རྫོང་མགོ་ལ་ཤང་མུ་སྤེལ་གྲོང་ཚོ་ཡོངས་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་སྤོས་རྗེས་ཀྱི་གྲོང་མི་ཚོ་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བའི་གནས་ཚུལ་ཡིན་པ།

ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཤར་རྒྱུད་ཀྱི་མཐའ་མཚམས་རྫོང་ཡིན་པའི་རྫ་ཡུལ་རྫོང་དུ་བཅར་འདྲི་བྱེད་པར་འགྲོ་སྐབས། གནད་སྨིན་དབུལ་སྐྱོར་ལས་རྫ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་གང་ལེགས་ཚོར་བྱུང་།

རྫ་ཡུལ་རོང་སྟོད་དང་རོང་སྨད་གྲོང་རྡལ་དུ་གནད་སྨིན་དབུལ་སྐྱོར་ལས་དོན་གྱིས་གྲོང་ཚོ་ཚང་མའི་རྣམ་པར་འགྱུར་ལྡོག་ཕྱིན་པ་མ་ཟད། མང་ཚོགས་ཀྱི“སྒུག་རྟེན་སློང”གསུམ་གྱི་རྗེས་ལུས་བསམ་བློར་དེ་བས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རང་ཁ་རང་གསོ་དང་། འབད་འབུངས་ཧུར་ལེན། མི་སེམས་གཅིག་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་དུ་གྱུར་པ་གསར་འགོད་པས་མིག་མཐོང་ལག་ཟིན་ཐུབ་བྱུང་།

དབུལ་སྐྱོར་གནས་སྤོ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

དེ་སྔོན་རྫ་ཡུལ་རྫོང་མགོ་ལ་ཤང་མུ་སྤེལ་གྲོང་ཚོ་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་ས་བབ་མཐོ་ཚད་སྨི་2400ལྷག་ཙམ་གྱི་རི་འདབས་སུ་ཆགས་ཡོད། ཆུ་བོ་སྒྲོལ་བར་འབྲེང་ཟམ་ལ་བརྟེན་དགོས་པ་མ་ཟད། རྫ་ཡུལ་རྫོང་གྲོང་དུ་སྐྱོད་སྐབས། རྟ་བཞོན་ནས་ཉིན་གཉིས་འགྲོ་དགོས་ཀྱི་ཡོད། གྲོང་ཚོ་ཡོངས་ལ་མི་མང་ལ་ས་ཞིང་ཉུང་བ་དང་། ས་རྒྱུ་ཞན་པ། གནམ་ཆུ་སྒུག་ནས་སྡོད་དགོས་པ། ཡོང་འབབ་ཉུང་བ་བཅས་དང་ད་དུང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་མང་པོ་འཕྲད་ཀྱི་ཡོད།

མུ་སྤེལ་གྲོང་ཚོའི་གྲོང་མི་རི་གྲོང་ནས་ཐོན་པ་དང་དབུལ་པོའི་གནས་ལས་སྒྲོལ་ཆེད། རྫ་ཡུལ་རྫོང་གིས་རྒྱལ་ཁབ་དང་། བོད་སྐྱོར། གྲོང་ཁྱེར། རྫོང་བཅས་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ནས་འདི་ལོའི་ཟླ་ལྔ་པར་མུ་སྤེལ་གྲོང་ཚོའི་དུད་ཚང་30ཡི་མི་189ཚང་མ་ས་རྒྱུ་ལེགས་པ་དང་། ས་ཁོད་སྙོམས་པ། འགྲིམ་འགྲུལ་སྟབས་བདེ་བ། རི་བོ་སྔོ་ཞིང་ཆུ་མོ་དྭངས་བའི་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་རྫ་ཡུལ་ཆུ་བོའི་ངོགས་སུ་གནས་སྤོ་བྱས་པས། རྒྱ་ཆེ་ལ་དཀར་ཆ་དོད་པ་དང་འཛིན་ཆས་གང་དགོས་འཛོམས་པའི་ཁང་བཟང་ནང་སྡོད་རྒྱུ་བྱུང་ལ། རྒྱལ་ཁབ་ཀྱི་མཐའ་མཚམས་མི་སེར་གྱི་ཁ་གསབ་ཀྱང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། མུ་སྤེལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསམ་སྒྲོན་གྱིས“གནས་སྤོས་རྗེས་ད་ཆ་གྲོང་ཚོའི་ཁྱིམ་ཚང་ཚང་མས་སྦག་སྦག་ཉོས་པ་མ་ཟད། དུད་ཚང་ཁག་གཅིག་གིས་ད་དུང་འདྲུད་འཐེན་འཁོར་ལོ་ཡང་ཉོས་ཡོད། ད་ཆ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་གྲོང་མི་ཚོ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

ཡུལ་གཞན་དུ་གནས་སྤོ་རྒྱུ་ནི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས། མང་ཚོགས་སྤོ་ཐུབ་པ་དང་གཞིས་ཆགས་བརྟན་པོ་ཡོང་བ་བྱེད་དགོས་པ་མ་ཟད། དེ་ལས་གལ་འགངས་ཆེ་བ་ཞིག་ནི་མང་ཚོགས་དབུལ་པོ་ཕྱུག་འགྱུར་ཐུབ་རྒྱུ་དེ་ཡིན། རྫ་ཡུལ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་འགན་འཁུར་བས“གནས་སྤོའི་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པར་ཁོང་ཚོར་སྡོད་སའི་ཁང་པ་ཡག་པོ་ཡོད་དགོས་པ་མ་ཟད། ཡོང་འབབ་བརྟན་པོ་ཞིག་ཡོང་བ་བྱ་རྒྱུ་ནི་དབུལ་སྒྲོལ་གྱི་འགག་རྩ་རེད”ཅེས་བཤད།

རྫ་ཡུལ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཏུའུ་ཡོན་ཝུན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་རིང་རྫ་ཡུལ་རྫོང་གིས་2016ལོ་ནས་2017ལོའི་བར་གྲོང་ཚོ་ཧྲིལ་པོ་གནས་སྤོ་དང་ཐར་ཐོར་གནས་སྤོའི་ཐབས་ལ་བརྟེན་ནས་དུད་ཚང་344ཡི་མི་1693(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་197གྱི་མི་1054དང་དུས་མཉམ་དུ་གནས་སྤོས་པའི་དུད་ཚང་147གྱི་མི་639དང་འབྲེལ་བ་ཡོད་པ)གྱི་གནས་སྤོའི་ལས་འགན་ལེགས་གྲུབ་བྱུང་ནས་ས་གཤིས་གནོད་འཚེ་ཐོན་མང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་སྐྱེད་རྒྱུ་ཆ་ཧ་ཅང་དཀོན་པ་བཅས་ཀྱི་གྲོང་ཚོའི་མང་ཚོགས་ཆ་རྐྱེན་སྐྱོ་ཁུལ་ནས་གནས་སྤོས་ཏེ་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།

འདི་ནི་བུ་ཕ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་རིན་ཆེན་རྒྱ་མཚོས་རླངས་འཁོར་བཏང་ནས་ལས་ཡུལ་དུ་བྱེ་མ་སྐྱེལ་བར་སྐྱོད་བཞིན་པ།

ཕྱུག་འགྱུར་ལམ་བུར་ཁྲིད་སྟོན་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་འདུ་ཤེས་བསྒྱུར་བ།

རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ཁྲི་པ་གྲོང་ཚོ་ནི་ཏེང་པ་དང་བོད་རིགས་མང་ཚོགས་འདུས་སྡོད་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་དེར་དུད་ཚང་96དང་མི་356ཡོད། དེ་སྔའི་བསམ་བློ་རྙིང་པ་དང་དེ་བཞིན“སྒུག་རྟེན་སློང”གསུམ་གྱི་འདུ་ཤེས་ཀྱི་ཤུགས་རྐྱེན་འོག་གྲོང་རྡལ་ཡོངས་ཀྱི་གཙོ་གནད་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་བྱེད་དཀའ་ཤོས་སུ་གྱུར་ཡོད།

ཁྲི་པ་གྲོང་ཚོ་སྔ་ཙམ་དབུལ་སྒྲོལ་ཐུབ་སྟེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱ་ཆེད། རྫ་ཡུལ་རྫོང་གིས་ཁྲི་པ་གྲོང་ཚོ་ཉིད་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བའི་ཚོད་ལྟའི་གྲོང་ཚོར་བརྩིས་ཏེ“དུད་ཚང་གཅིག་ལ་ཇུས་འགོད་གཅིག་བཟོ་བ”དང“དུད་ཚང་དུ་དོན་འཁྱོལ་ལྔ་དང་། མིར་དོན་འཁྱོལ་དྲུག ཐུག་འཕྲད་གཉིས”ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྐུལ་འདེད་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། “སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཚབས་ཆེན་ལྡན་མཁན་མང་ཚོགས་དབུལ་པོར་འཛིན་ཆས་དང་གློག་ཆས་ཉོ་སྒྲུབ་ཀྱི་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་བ། “དངོས་པོ་དང་ལས་མི་བརྗེ་བའི”ཐབས་གསར་སྤྱད་པས་དུད་ཚང་དབུལ་པོའི་མང་ཚོགས་ཀྱི་ངལ་རྩོལ་གྱི་ཧུར་བརྩོན་སྐོང་འཐེན་གང་ལེགས་ཐུབ་ཁར། དུད་ཚང་དབུལ་པོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ཡོད།

དེ་དང་ཆབས་ཅིག རྫ་ཡུལ་རྫོང་གིས་རིག་སྟོབས་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མིག་སྔའི་གནད་དོན་ཐག་གཅོད་བྱས་ཁར། ཕུཌ་ཀྱི་འཕེལ་རྒྱས་ལ་བསམ་གཞིག་ཀྱང་བྱས་ཏེ་ཁྲི་པ་གྲོང་ཚོའི་གྲོང་མིར་ལས་ཞུཌ་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་པ་མ་ཟད། སྨན་བཅོས་དང་སློབ་གསོ་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྣང་ཆེན་ཡང་བྱས་ནས་མང་ཚོགས་ཀྱི་ལས་ཞུཌ་འཇོན་ཐང་དང་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

ཐོན་ཁུངས་ལ་བརྟེན་ནས་དབུལ་སྒྲོལ་གྱི་ནུས་པ་ཆེ་རུ་བཏང་བ།

རྫ་ཡུལ་རྫོང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་གོ་སྐབས་བཟང་པོ་འཕྲད་ཡོད། རྫ་ཡུལ་རོང་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོའི་སྨི་ཧོའུ་ཁམ་བུའི་འདེབས་འཛུགས་རྟེན་གཞིས་གནམ་གཤིས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་ས་ཞིང་བརྒྱུད་བཤུག་དང་འགན་གཙང་གཉེར་སྐྱོང་བྱེད་སྟངས་སྤྱད་ནས་ཤག་གཉིས་གྲོང་ཚོའི་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། གནད་སྨིན་དབུལ་སྒྲོལ་གྱི་ནུས་པ་གསར་པ་ཡང་གསར་འབྱེད་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཤག་གཉིས་གྲོང་ཚོའི་སྨི་ཧོའུ་ཁམ་བུའི་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་186ཡོད་པའི་ནང་རྟེན་གཞིའི་གཉེར་སྐྱོང་རྒྱ་ཁྱོན་མུའུ་150དང་ཞིང་དུད་རྐྱང་པའི་གཉེར་སྐྱོང་རྒྱ་ཁྱོན་མུའུ་36ཡོད། འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ཀའོ་ཡུང་ཤུས་ཀྱིས་རྟེན་གཞིར་ཉིན་ལྟར་ལས་མི་མཁོ་སྐབས་མི་རེར་ཉིན་རེར་སྒོར་100ནས་200བར་གྱི་གླ་ཆ་སྤྲད་དེ་གྲོང་མི་བསྡུ་གི་ཡོད། དེས་གྲོང་མིས་ལག་ལེན་དངོས་ཀྱི་ཐོག་ནས་སྨི་ཧོའུ་ཁམ་བུའི་འདེབས་སྟངས་ཀྱི་ལག་རྩལ་གསོ་སྦྱོང་ཐུབ་ལ་གྲོང་མིའི་ཡོང་འབབ་ཀྱང་མང་དུ་འགྲོ་ཐུབ། “སྨི་ཧོའུ་ཁམ་བུའི་འདེབས་འཛུགས་རྟེན་གཞིར་འདི་ལོ་ཁེ་བཟང་བྱུང་བས་འབྱུང་འགྱུར་ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཏེ་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་ཡོང་སྲིད”ཅེས་ཤག་གཉིས་གྲོང་ཚོའི་གྲོང་མི་ངག་བྱམས་ཀྱིས་ཡིད་ཆེས་དང་རེ་བས་ཁེངས་བཞིན་དུ་གསར་འགོད་པར་བཤད་བྱུང་།

དབུལ་སྐྱོར་བྱ་སྤྱོད་རྫ་ཡུལ་རྫོང་གི་ཤང་གྲོང་གང་སར་སྤེལ་བཞིན་པ་དང་གནད་སྨིན་དབུལ་སྐྱོར་བྱ་རྒྱུ་དེ་རྫ་ཡུལ་ས་གཞི་ཆེ་མོར་མངོན་འགྱུར་ཐུབ་ཡོད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་གཏིང་ཟབ་སྤེལ་བ་དང་སྦྲགས་རྫ་ཡུལ་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་དང་འབྱུང་འགྱུར་རྫ་ཡུལ་ཡང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།