གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ

| 2015-04-14 10:26:54

རྫོང་དེ་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ཁོར་ཡུག་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ནས་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སེལ་ཆེད། རྫ་ཡུལ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཁག་བཞི་སྤྱད་དེ་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

གཙོ་གནད་མི་སྣར་ངོས་འཛིན་བྱ་ཤུགས་ཆེ་རུ་བཏང་ཞིང་། “དམ་འཛིན་ནན་པོ་བྱ་རྒྱུ་ནས་འགོ་འཛུགས་པ་དང་། གཙོ་གནད་ལྟ་སྐུལ་ཚོད་འཛིན། ངོས་ཀྱིས་ཚིགས་འགན་ལེན”བཅས་ཀྱི་བླང་བྱ་གཞིར་བཟུང་། གཟའ་འཁོར་རེར་བརྟན་ལྷིང་ཚོད་འཛིན་གྱི་གནས་ཚུལ་བཀོད་གཏོང་ཚོགས་འདུ་ཐེངས་རེ་འཚོགས་ནས་སྤྱི་འདོམས་བཀོད་སྒྲིག་དང་གཙོ་གནད་མི་སྣར་གྲལ་བཤེར་དང་དོ་དམ་ཚོད་འཛིན་གྱི་ལས་དོན་ཁག་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་སྣ་སྣ་ཚོགས་ལ་དོ་དམ་ནན་པོ་དང་དོ་དམ་ཡག་པོ་ཐུབ་པ་བྱས་ཡོད། ལྷག་དོན་དུ་བཙོན་ཁང་ནས་གློད་གྲོལ་བཏང་བ་དང་ངལ་རྩོལ་སྒྱུར་བཀོད་བྱེད་ཁོངས་ནས་གློད་པའི་མི་སྣ་སོགས་ཀྱི་དོ་དམ་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་དོ་དམ་བྱ་རྒྱུར་ལུས་པ་དང་ཚོད་འཛིན་བྱེད་མི་ཐུབ་པའི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད་པ་རེད།

མང་ཚོགས་ཀྱི་ཐབས་ཇུས་དང་སྟོབས་ཤུགས་ལ་བརྟེན་ནས“ཆ་འཕྲིན་མི་སྣ”ཡག་པོ་སྤྱད་ཅིང་། བདེ་འཇགས་བཅོས་སྐྱོང་གི་ཧུར་བརྩོན་ཅན་དང་དུད་སྦྲེལ་སྤྱི་མི་སྐུལ་སློང་བྱས་ནས་མི་དང་། ས་ཆ། གནས་ཚུལ་བཅས་རྒྱུས་མངའ་ཆེ་བའི་ཁོང་ཚོའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཁུངས་སྣེའི་ཆ་འཕྲིན་རག་ཐབས་བྱས་ཏེ་སྔོན་ཚུད་ནས་ཤེས་རྟོགས་ཐུབ་པ་བྱས་ཡོད་པ་རེད།

གཙོ་གནད་མི་སྣར་གྲལ་བཤེར་བྱ་ཤུགས་ཆེ་རུ་བཏང་ཞིང་། གཙོ་གནད་མི་སྣར་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་ནས་དུས་བཀག་ནང་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་སྣར་ཁྱོན་ཡོངས་ནས་གྲལ་བཤེར་དང་། འདྲི་རྩད། རྟོག་ཞིབ་བཅས་ཐེངས་གཅིག་བྱས་ནས་གཞི་གྲངས་དང་གནས་ཚུལ་ཁ་གསལ་ཡོང་བ་བྱས་ཡོད་ཅིང་། གཙོ་གནད་མི་སྣ་དང་། ལྟ་སྐུལ་དོ་དམ་བྱ་ཡུལ། སྨྱོ་ནད་ཕོག་པ་སོགས་མི་སྣའི་གཞི་རྩའི་ཆ་འཕྲིན་ཞིབ་བསྡུར་གྱིས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་སྣའི་རྒྱུན་གཏན་གྱི་འགུལ་ཚུལ་དང་དེ་བཞིན་དངོས་ཡོད་མཚོན་ཚུལ་ཤེས་རྟོགས་བྱ་རྒྱུར་དོ་སྣང་བྱས་ཡོད་པ་རེད།

གཙོ་གནད་མི་སྣར་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཤིང་། མཐིལ་བཤེར་བྱ་ཡུལ་གཙོ་གནད་མི་སྣའི་ཆ་འཕྲིན་ཁྱོན་ཡོངས་ནས་ལེགས་སྒྲིག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་གཏན་འཁེལ་བྱས་ཏེ་རིགས་དབྱེ་དོ་དམ་བྱེད་པ་དང་རེ་རེ་བཞིན་འདྲི་རྩད་བྱས་ནས་ཁོང་ཚོའི་རྒྱུན་གཏན་གྱི་འགུལ་ཚུལ་དང་མཚོན་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཀྱིས་སྒུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱས་ཏེ་ཆ་འཕྲིན་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

གྲལ་བཤེར་དང་། སློབ་གསོ། ལྟ་སྐུལ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་མིག་སྔའི་བར་གཙོ་གནད་མི་སྣ་སྣ་ཚོགས་ཀྱི་བསམ་བློ་བརྟན་པོ་ཡོད་པ་དང་ཚང་མ་དོ་དམ་ཚོད་འཛིན་ནུས་ལྡན་གྱི་ཁྱབ་ཁོངས་ནང་ཚུད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།