“བྱ་བཟང་བསྒྲུབས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-03 10:07:41

རྫ་ཡུལ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པ་གྲོང་ཚོར་བཅའ་སྡོད་བྱས་ཚུན། “བྱ་བཟང་བསྒྲུབས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི”བརྗོད་བྱ་གཙོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་བར་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་པ་རེད།

རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཁོངས་གཏོགས་ཀྱིས་མངགས)ནས་གྲ་སྒྲིག་བྱས་པའི་གློག་གཏོང་འཕྲུལ་ཆས་དང་གྲངས་གཞིའི་གློག་བརྙན་སྟོན་ཆས་སོགས་སྒྲིག་ཆས་སྤྱད་དེ་གྲོང་ཚོ་དེ་ཡོངས་ཀྱི་དུད་ཁྱིམ་30ལྷག་ཙམ་གྱི་ཡུལ་མིར་གློག་བརྙན་བསྟན་པས་མང་ཚོགས་ཀྱི་རིག་གནས་རོལ་རྩེད་དགོས་མཁོ་གང་ལེགས་བསྐངས་བ་རེད། མགོ་ལ་ཤང་རི་མཐོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ས་ཁུལ་གནམ་གཤིས་ཅུས་ཀྱིས་མངགས)གིས་གྲོང་ཚོ་དེའི་མི་སེར་སྡོད་ས་ཤིང་ཁང་ཡིན་པ་དང་། གྲོང་ཚོའི་གློག་སྐུད་ཕལ་ཆེ་བ་རྙིང་པར་གྱུར་ཏེ་མེ་སྐྱོན་གྱི་ཉེན་ཁ་ཐོན་སླ་བའི་གནས་ཚུལ་ལ་དམིགས་ཏེ་མ་དངུལ་སྒོར་15000གྲབས་གསོག་བྱས་ནས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་17གྱི་མང་ཚོགས་ཚོའི་གློག་སྐུད་གསར་པ་བརྗེས་པ་རེད། ལུང་འགོ་གྲོང་ཚོའི་འགྲོ་བ་དགོན་སྟོད་གྲོང་རྡལ་དུ་བཅའ་སྡོད་ལས་དོན་རུ་ཁག(བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གིས་མངགས)གིས་ལུང་འགོ་གྲོང་ཚོའི་མུའུ་200ཟིན་པའི་སྟར་སྡོང་གི་ཤིང་སོན་རྐང་7000ཡོད་པའི་ར་སྐོར་ཕྱུགས་རིགས་ཀྱིས་གཏོར་སྐྱོན་ཚབས་ཆེན་བཏང་བར་དམིགས་ཏེ་ཡུལ་མི་སྒྲིག་འཛུགས་བྱས་ནས་སྟར་ཁའི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་རྟེན་གཞིའི་ར་སྐོར་ཉམས་གསོ་བྱས་ནས་གྲོང་ཚོ་དེ་ཡོངས་ཀྱི་སྟར་ཁའི་ཤིང་སོན་ལ་ཕྱུགས་རིགས་ཀྱི་གཏོར་སྐྱོན་མི་ཕོག་པ་བྱས་པ་དང་དུས་མཚུངས་ད་དུང་གྲོང་ཚོའི་ཆུ་འདྲེན་ཡུ་བུར་ཉམས་གསོ་བྱས་པས་གྲོང་ཚོ་དེ་ཡོངས་ཀྱི་སྟར་ཁའི་ཤིང་སོན་ཚང་མར་ཆུ་གཏོང་ཐུབ་པ་བྱུང་བ་རེད།

བསྡོམས་རྩིས་ལ་གཞིགས་ན། ལས་དོན་རུ་ཁག་ཁག་རྫ་ཡུལ་རྫོང་དུ་བཅའ་སྡོད་བྱས་ཚུན། མང་ཚོགས་ལ་སྔ་རྗེས་སུ་བྱ་བཟང་320ཙམ་བསྒྲུབས་པ་དང་གྲང་ངར་ཆེ་བའི་དགུན་དུས་སུ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་མང་ཚོགས་ཀྱི་སེམས་དབུས་སུ་ཚོར་བ་བྱས་པས་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།