རྫ་ཡུལ་རྫོང་གིས་བྱ་ཐབས་བརྒྱད་སྤྱད་དེ་དུག་འགོག་དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ།

ང་་ད་་གསར་འར་་གས།

| 2014-12-18 00:15:19

དུག་འགོག་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྤྱི་དམངས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམངས་ཡོངས་ཀྱིས་རང་འགུལ་ངང་དུག་རྫས་འགོག་པའི་ནུས་པ་ཆེ་རུ་གཏོང་ཆེད།རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་བྱ་ཐབས་བརྒྱད་སྤྱད་དེ་དུག་འགོག་དྲིལ་བསྒྲགས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ་རེད།  འཆར་ཤེལ་སྤྱད་དེ་དྲིལ་བསྒྲགས་བྱས་ཤིང་།རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་དུག་འགོག་ཤེས་བྱ་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་ནང་དོན་སྟབས་བདེ་ལ་ཁ་གསལ་བའི་སྦྱར་ཡིག་དང་འབོད་ཚིག་བཟོས་ཏེ།རྫོང་དེའི་ལམ་མདོ་དང་མི་ཚོགས་སྟུག་སར་ཚན་པ་ཁག་གི་LEDའཆརཤེལ་ནས་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།   འཁོར་རིགས་སྤྱད་དེ་དྲིལ་བསྒྲགས་བྱས་ཤིང།རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་ཕྱོགས་བསྡུས་བཅོས་སྒྲིག་གཞུང་དོན་ཁང་དང་།ཁྲིམས་ཁང་།ཞིབ་དཔྱོད་ཁང་།ཁྲིམས་འཛིན་ཅུས་སོགས་ཚན་པ་དང་མཉམ་དུ་མང་ཚོགས་དང་འབྲེལ་བ་ཟབ་པའི་དུག་འགོག་ཁྲིམས་ལུགས་ཁྲིམས་སྲོལ་གྱི་ནང་དོན་འོད་སྡེར་བཟོས་ཏེ་ཅུས་དེའི་སུའོ་དང་།རུ་ཁགས་ཚིགས་བཅས་ནས་འཁོར་རིགས་ཁག་གཅིག་ཟུར་དུ་འཐེན་ནས་དུག་འགོག་དྲིལ་བསྒྲགས་ཀྱི་རླངས་འཁོར་སྒྲིག་འཛུགས་བྱས་ཏེ།རྫོང་དེ་ཡོངས་ཀྱི་ཤང་གྲོང་དྲུག་ཏུ་དུག་འགོག་དྲིལ་བསྒྲགས་ཀྱི་ལས་དོན་བསྒྲུབས་པས།དུག་འགོག་དྲིལ་བསྒྲགས་ཀྱི་ཤེས་བྱ་ཤང་གྲོང་ཡོད་དོ་ཅོག་ལ་ཁྱབ་པ་རེད། སློབ་གྲྭར་དྲིལ་བསྒྲཌ་བྱས་ཤིང་།གཞི་རིམ་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་གིས་ཁོངས་གཏོགས་སློབ་གྲྭར་བསྐྱོད་དེ་རྒྱ་ཆེའི་དགེ་སློབ་ཚོར་དུག་འགོག་སློབ་ཚན་ཁྲིད་པ་དང་།ཁོང་ཚོ་སྒྲིག་འཛུགས་བྱས་ཏེ་དུག་འགོག་དྲིལ་བསྒྲགས་ཀྱི་གློག་བརྙན་བལྟ་རུ་བཅུག་པ།“གཞོན་ནུ་ལོ་ཆུང་དུག་རྫས་དང་རིང་དུ་གྱེས།སློབ་གྲྭར་དུག་རྫས་མི་ཁྱབ་པ་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་དུག་འགོག་བྱེད་སྒོ་སྤེལ་ནས་དགེ་སློབ་ཚོར་དུག་རྫས་ཀྱི་སྣ་ཁ་དང་གནོད་འཚེ་གསལ་འགྲེལ་བྱས་པ་དང་ཁོང་ཚོས་ཀྱང་དུག་རྫས་སློབ་གྲྭར་མི་ཁྱབ་པ་བྱ་རྒྱུའི་ཁས་ལེན་བྱས་པ་རེད།

སྨྱན་སྦྱོར་སྤྱད་དེ་དྲིལ་བསྒྲགས་བྱས་ཤིང་།རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་དྲིལ་བསྒྲགས་པུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་བརྙན་འཕྲིན་དང་རླུང་འཕྲིན་སོགས་དྲིལ་བསྒྲགས་ལས་སྟེགས་སྤྱད་ནས་རྫོང་དེའི་མང་ཚོགས་ཡོངས་ལ་དུས་ངེས་མེད་དུ་དུག་འགོག་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་དུག་འགོག་གྱོད་དཔེ་དྲིལ་བསྒྲགས་བྱས་པ་རེད།

ཁྲོམ་གཞུང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་ཤིང་།རྫོང་དེའི་སྤྱི་བདེ་ཅུས་ཀྱིས་ཕྱོགས་བསྡུས་བཅོས་སྒྲིག་གཞུང་དོན་ཁང་དང་།ཁྲིམས་ཁང་།ཞིབ་དཔྱོད་ཁང་།ཁྲིམས་འཛིན་ཅུས།སློབ་གསོ་ཅུས།གུང་གཞོན་སྡེ་ཚོགས་རྫོང་ཨུད་སོགས་ཚན་པ་དང་མཉམ་དུ་རྫོང་གྲོང་ནས་སྦྲག་སྲིད་ཅུས་ཀྱི་ལམ་མདོའི་བར་མི་སྣ་སྒྲིག་འཛུགས་ཀྱིས་དུག་འགོག་དྲིལ་བསྒྲགས་ཀྱི་གཅིག་སྡུད་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་དུག་འགོག་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་དང་ཕྱོགས་མཚུངས་རྫོང་སྒྲིག་ཨུད་ལ་གཞོགས་འདེགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གྱིས་ཞིང་འབྲོག་པ་ཚང་མར་དུག་འགོག་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་རགས་རྩིས་ལྟར་ན།ཡིག་གྲངས་16000ལྷག་ཙམ་ཡོད་པ་རེད།    ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་བྱས་ཤིང་།ད་རེས་དུག་འགོག་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་རིང་རྫོང་དེའི་སྤྱི་བདེ་ཅུས་ཀྱིས་ཆེད་མངགས་མི་བཀོད་སྒྲིག་བྱས་ཏེ་ས་ཆ་དངོས་སུ་བརྟག་ཞིབ་ནན་ཏན་དང་གྲལ་བཤེར་བྱེད་ཞོར་དྲིལ་བསྒྲགས་བྱེད་པའི་བྱ་ཐབས་སྤྱད་པ་དང་།ལྷག་པར་དུ་ཁྲིམས་དང་འགལ་ནས་དུག་འཐེན་མྱོང་བའི་མིའི་བསམ་བློ་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཡོངས་བཤེར་བྱས་པ་དང་འབྲེལ་ཁོང་ཚོར་དུག་འགོག་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་དེ་བཞིན་དུག་རྫས་ཀྱི་གནོད་འཚེ་སོགས་ཀྱི་ཤེས་བྱའང་དྲིལ་བསྒྲཌ་ཤུཌ་ཆེན་བྱས་པ་རེད།   རོལ་རྩེད་ཁང་དུ་དྲིལ་བསྒྲགས་བྱས་ཤིང་།རྫོང་དེའི་སྤྱི་བདེ་ཅུས་ཀྱི་གཞི་རིམ་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་རྫོང་དེའི་རོལ་རྩེད་ཁང་དུ་རྟག་ཏུ་བརྟག་ཞིབ་བྱེད་སྐབས་ཞིབ་བཤེར་གྱི་ཞོར་དུ་དྲིལ་བསྒྲགས་བྱེད་པའི་བྱ་ཐབས་སྤྱད་དེ་རོལ་རྩེད་ཁང་གི་འགན་ཁུར་བ་དང་ལས་བཟོར་དུག་འགོག་གི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་འབྲེལ།ཁོང་ཚོར་དུག་འཐེན་པ་དང་དུག་འཚོང་བ་སོགས་ཀྱི་བྱེད་སྤྱོད་ཤེས་འཕྲལ་སྤྱི་བདེ་ཅུས་ལ་སྙན་སེང་ཞུ་དགོས་པའི་རེ་བ་ཡང་བཏོན་པ་རེད།གཞན་ཡང་རོལ་རྩེད་ཁང་གི་བརྙན་ཤེལ་ཐོག་དུག་འགོག་གི་སྦྱར་ཡིག་བྲིས་ནས་དུག་འགོག་གི་ཤེས་བྱ་ཟམ་མི་ཆད་པར་དྲིལ་བསྒྲགས་བྱས་པས་རོལ་རྩེད་ཁང་དུ་དུག་འཐེན་པའི་བྱེད་སྤྱོད་སྔོན་འགོག་ནུས་ལྡན་ཐུབ་པ་རེད།

དྲིལ་བསྒྲགས་ཡིག་སྒྲོམ་བཟོས་ནས་དྲིལ་བསྒྲགས་བྱས་ཤིང་།རྫོང་དེའི་སྤྱི་བདེ་ཅུས་ཀྱིས་རྫོང་དེའི་ཤང་གྲོང་6གི་སྲིད་འཛིན་གྲོང་ཚོ་96དང་གྲོང་ལྷན་1གི་དྲིལ་བསྒྲགས་ཡིག་སྒྲོམ་གྱི་ནུས་པ་བཏོན་ནས་དུས་བཀག་ལྟར་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུག་འགོག་རི་མོ་སྦྱར་ཏེ་རྫོང་དེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་དུག་འགོག་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་དུག་རྫས་ཀྱི་གནོད་འཚེ་སོགས་དང་།དུག་འགོག་གི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་ཤེས་སུ་བཅུག་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།