རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིསགཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཉེན་རྟོག་པའི་རྣམ་པ་ལེགས་སུ་དང་སྒྲིག་ལམ་ནན་དུ་བཏང་བ།

ང་་ད་་གསར་འར་་གས།

| 2014-12-18 00:15:19

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་།རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས“དམངས་ཆེད་དང་།དོན་གཉེར།སྤྱོད་གཙང”བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ནས་འགོ་ཁྲིད་ཀྱིས་མིག་དཔེ་སྟོན་པ་དང་།གོམས་གཤིས་བཟང་པོ་འཇགས་པ།ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བ་བྱས་པས་དཔུང་ཁག་གི་སྒྲིག་ཁྲིམས་ནན་དུ་དང་སྤྱོད་ཚུལ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།  གཅིག་ནས་འགོ་ཁྲིད་ཀྱིས་མིག་དཔེ་གཞན་སྟོན་བྱ་རྒྱུར་དམ་འཛིན་བྱས་པ།ཅུས་དེས་དཔུང་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཅུས་ཏང་ཙུའི་འགོ་ཁྲིད་དང་འབྲིང་རིམ་ལས་བྱེད་པ་ཚོས་ངེས་པར་དུ་འགན་འཁྲི་གཙང་སྒྲུབ་དང་།འགན་འཁྲི་འཁུར་ཕོད་པ།རང་དཔེ་གཞན་སྟོན་བཅས་བྱས་ནས་སྲིད་བརྩོན་ལས་སྒྲུབ་ཀྱི་རྣམ་འགྱུར་དང་གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་བྱས་རྗེས་རྩེ་གྲ་བཏོད་དེ་ཅུས་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་མིག་དཔེ་བཟང་པོ་སྟོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གཉིས་ནས་གོམས་གཤིས་བཟང་པོ་འཇགས་རྒྱུར་དམ་འཛིན་བྱས་ནས་རྐྱེན་ཆུང་ངུ་ནས་སེལ་ཐུབ་པ་བྱས་པ།“ཉམས་སད་ཐེག་ཐུབ་པ་ལྔའི”དཔུང་ཁག་འཛུགས་སྐྱོང་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་གྱིས་ཉེན་རྟོག་པའི་རྣམ་པ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་ཆེད།ཅུས་དེས་མི་དམངས་ཉེན་རྟོག་པར་གོམས་གཤིས་བཟང་པོ་འཇགས་རྒྱུ་ནས་དམ་འཛིན་གྱིས་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་མི་དམངས་ཉེན་རྟོག་པའི་རྣམ་པ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་།ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ།ཁྲིམས་འཛིན་ལས་སྒྲུབ་ཚད་ལྡན་ཡོང་བ་བྱེད་པ།མང་ཚོགས་ལ་སྣེ་ལེན་ཞབས་འདེགས་ཞུ་བ་སོགས་རྒྱུན་གཏན་གྱི་བྱ་བ་ཆུང་ཙག་ནས་དམ་འཛིན་བྱས་ཡོད་པ་རེད།མི་དམངས་ཉེན་རྟོག་པ་ཚོས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཚེ་ཚང་མ་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

གསུམ་ནས་ལྟ་སྐུལ་དོ་དམ་ལ་དམ་འཛིན་གྱིས་གནས་ཚུལ་ཐོན་མ་ཐག་ཞིབ་བཤེར་ཐག་གཅོད་བྱས་པ།ཅུས་དེས་ཕྱི་ནང་གི་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་རང་འགུལ་ངང་འགོ་ཁྲིད་གདན་དྲངས་ནས་ལྟ་སྐུལ་བྱེད་པ་དང་།འགོ་ཁྲིད་ཀྱིས་རྒྱུན་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པ།སྒྲིག་བཤེར་མི་སྣས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ།མི་དམངས་ཉེན་རྟོག་པ་ཕན་ཚུན་དྲན་སྐུལ་བྱེད་པ།ནང་མིས་ལྟ་སྐུལ་ལ་གཞོགས་འདེགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཙོ་གནད་ཐོག་མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་སྐབས“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད”དང་།སྤྱི་བདེ་པུའི“སྒྲིག་ཁྲིམས་ཁག་གསུམ” “བཀག་རྒྱ་དོན་ཚན་ཁག་ལྔ”བཅས་ལ་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ལས་ཞོར་འཚོ་བར་ཡང་ལྟ་སྐུལ་དོ་དམ་བྱས་ནས་འཕྲལ་དུ་དྲན་སྐུལ་བྱེད་པ་དང་རྐྱེན་ཆུང་ཙག་ནས་སེལ་ཐུབ་པ་བྱས་ཡོད་ལ།འདི་ལོ་ནས་བཟུང་ཅུས་དེས་མངོན་བཤེར་ལྐོག་འདྲི་ཐེངས་30ལྷག་ཙམ་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།