རྫ་ཡུལ་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་སྟོན་པ་།

ང་་ད་་གསར་འར་་གས།

| 2014-12-18 00:15:19

ཉེ་བའི་ལོ་ཤས་རིང་།ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་སློབ་ཆེན་ཐོན་པའི“གྲོང་དཔོན”29ཡིས་གཞི་རིམ་ལ་དམིགས་པ་དང་གཞི་རིམ་ལ་ཞབས་ཞུ་བྱེད་རྒྱུས་བསམ་བློའི་ནང་དོན་གཙོ་བོ་དང་།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོས་གཙོ་རྐང་དུ་བྱས་ཏེ་གཞི་རིམ་གྱི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ་དང་།གཞི་རིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ།གཞི་རིམ་གྱི་ཐོན་སྐྱེད་དང་དཔལ་འབྱོར་གྱི་དམིགས་ཚད་རིམ་གྱིས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་བྱ་གཞག་འཕེལ་རྒྱས་ཆེད་དུ་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད།

དྲ་རྒྱའི་སྟེགས་བུ་བཏོད་དེ་ཆ་འཕྲིན་གྱི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་པ།

“བོད་ལྗོངས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོའི”གྲོང་ཚོ་རིམ་པའི་དཔོད་ཆུང་ནི་བོད་ཀྱི་གྲོང་ཚོ་རིམ་པའི་དཔོད་ཆུང་དང་པོ་དེ་ཡིན་པ་དང་།ད་ཆ་ཉིང་ཁྲི་ས་ཁུལ་གྱི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེར་དོ་ཁུར་བྱེད་མཁན་2000ལྷག་ཙམ་ཡོད།

“ལམ་ཤར་གཏོང་མ་ཐུབ་ཀྱང་ཆ་འཕྲིན་ངེས་པར་དུ་ཤར་གཏོང་ཐུབ་པ་བྱེད་དགོས”ཞེས་པའི་བསམ་ཚུལ་ཞིག་བཅངས་ཏེ་སློབ་ཆེན་ཐོན་པའི“གྲོང་དཔོན”ཝང་རུའེ་ཀྲེས་དཔོད་ཕྲན་དེ་བཟོས་ཤིང་།ཝང་རུའེ་ཀྲེའི་ཉིན་རེའི་ལས་ཀ་དང་པོ་ནི་དཔོད་ཆུང་ཁ་ཕྱེ་སྟེ་དྲ་གྲོགས་ཚོར་ལན་བཏབ་ནས་ཐུན་མོང་ཐོག་ཉེ་ཆར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་།གྲོང་ཚོའི་ཧྲུའུ་ཅི་དང་པོ་འདེམས་མངགས།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཞི་རིམ་ཏང་འཛུགས་ལས་དོན་སྒྲུབ་སྟངས།གྲོང་ཚོ་རིམ་པའི་ད་ལྟའི་གནས་ཚུལ་སོགས་སྤེལ་རེས་བྱེད་རྒྱུ་དེ་ཡིན།

ད་ཆ་རྫ་ཡུལ་རྫོང་གི་གཞུང་ལམ་རྒྱུད་ཀྱི་སྲིད་འཛིན་གྲོང་ཚོ་15ཚང་མར་དཔོད་ཆུང་བཙུགས་ཡོད་པ་དང་།དེ་ཉིད་གྲོང་ཚོ་ཁག་གིས་ལས་ཀའི་ཉམས་མྱོང་སྤེལ་རེས་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཏུ་གྱུར་ནས་ཕར་འགྲོ་ཚུར་འོང་བྱེད་དགོས་མེད་པར་སྟབས་བདེ་པོ་བྱུང་ཡོད།

ཐུན་མོང་ཐོག་འཕེལ་རྒྱས་ཀྱི་བསམ་ཕྱོཌ་བཟོས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་སྟོབས་ཆེར་བཏང་བ།

རྫ་ཡུལ་རྫོང་གི་སློབ་ཆེན་ཐོན་པའི“གྲོང་དཔོན”གྱིས་ད་དུང་ཡུལ་དེའི་ས་ཁམས་ཀྱི་ཐོན་ཁུངས་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ།མང་ཚོགས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་འཕེལ་རྒྱས་གཏོང་ལམ་གནད་ལ་འཁེལ་བའི་ངང་འཚོལ་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད།འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས།

རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོའི་སློབ་ཆེན་ཐོན་པའི“གྲོང་དཔོན”བསྟན་འཛིན་ཆོས་ལྡན་གྱིས་གྲོང་ཚོ་དེའི་རང་བྱུང་ལེགས་ཆ་ཤེས་རྟོགས་གཏིང་ཟབ་བྱས་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཚོགས་འདུ་ཐེངས་མང་འཚོགས་ཏེ་དུད་ཚང་ཚང་མར་ཡོང་འབབ་གསོག་ལམ་ཡོད་པ་དང་།མི་ཚང་མར་ལས་ཀ་ཡོད་པ།ཉིན་ལྟར་ཡོང་འབབ་གསོག་རྒྱུ་ཡོད་པ་བྱེད་རྒྱུའི་གྲོས་བསྡུར་བྱས།མཐར་2013ལོར་ཤང་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་མུའུ་300ལྷག་ཙམ་གྱི་བ་དམ་རྟེན་གཞི་དང་དྲོད་ཁང་ཆེ་མོ་38ཀྱི་རྣམ་གྲངས་རག་པ་དང་འབྲེལ།མང་ཚོགས་ལ་རྣམ་གྲངས་དེ་ལག་བསྟར་བྱེད་དུ་བཅུག་པས་ལོ་མཇུག་ཏུ་བ་དམ་རྟེན་གཞིའི་ཐོན་ཚད་རྒྱ་མ་5000ཟིན་པ་དང་དུད་ཚང་རེའི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་588.2འཕར་ཡོད་པ་རེད།

མགོ་ཡུལ་ཤང་མགོ་ཆེན་གྲོང་ཚོའི་སློབ་ཆེན་ཐོན་པའི“གྲོང་དཔོན”སྒྲོལ་དཀར་ལྷ་མོས་ས་ཆ་དངོས་སུ་བཅར་འདྲི་རྟོག་ཞིབ་དང་ཚན་རྩལ་དུས་དེབ་སྣ་ཚོགས་བལྟས་ཁར།གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་སྒོར་5000གི་པད་ཁ་དང་མ་རྨོས་ལོ་ཏོག་གི་སོན་ཉོས་ཏེ་ཚོད་འདེབས་རྣམ་གྲངས་ལག་བསྟར་བྱས་པ་དང་འབྲེལ།རྫོང་ཞིང་འབྲོག་ཅུས་ཀྱི་ཚན་རྩལ་པ་གདན་ཞུ་བྱས་ཏེ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་དང་ཞིང་ལས་ཤེས་བྱ་ཁྱབ་གདལ་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་ལེཌ་སྒྲིག་ལ་སྐུལ་འདེད་བཏང་བས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་1000མང་དུ་ཕྱིན།

དོན་དངོས་བསྒྲུབས་པས་དམངས་སེམས་ཐོབ་པ།

རྫ་ཡུལ་རྫོང་གི་ཐག་རིང་གི་གྲོང་ཚོ་ཁག་གཅིག་ཏུ་ཞིང་ཆུ་གཏོང་དཀའ་བ་དང་བགྲོད་དཀའ་བའི་གནད་དོན་ལ་དམིགས་ཏེ་མགོ་ལ་ཤང་ཚྭ་ཁུངས་གྲོང་ཚོའི་སློབ་ཆེན་ཐོན་པའི“གྲོང་དཔོན”བཀྲ་ཤིས་བསམ་གཏན་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལེགས་ཆར་བརྟེན་ནས་རྫོང་འགྲིམ་འགྲུལ་དང་།ཆུ་བེད།ཞིང་འབྲོག་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་གིས་རྣམ་གྲངས་མ་དངུལ་སྒོར་ཁྲི་8རག་ཐབས་བྱས་པ་དང་།“གྲོང་གསེབ་གཞུང་ལམ་ཤར་གཏོང་གི་འགག་སྒྲོལ་ལས་གྲྭ”དང“གྲོང་གསེབ་ཀྱི་ཆུ་འདྲེན་གཏོང་གི་ལས་གྲྭ”སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཁར།མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྨི་1000ལྷག་ཙམ་ཡོད་པའི་འཕྲུལ་རྨོད་ལམ་དང་རིང་ཚད་ལ་སྨི་50ཡོད་པའི་ཆུ་ཡུར་བཟོས་པས་མང་ཚོགས་འགྲོ་སྐྱོད་དཀའ་བ་དང་ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

ད་ཆ་རྫ་ཡུལ་རྫོང་གི་གྲོང་ཚོ་ཁག་གཅིག་གི་རྣམ་པ་གསར་རྐྱང་དུ་གྱུར་པ་དེ་ནི“གྲོང་དཔོན”ཚོས་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་བྲལ་ཐབས་མེད།གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་དང་།དེ་བཞིན་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཚད་བརྒལ་གསར་པ་བྱུང་ཞིང་།ལྷག་པར་དུ།མང་ཚོགས་མི་ཉུང་བ་ཞིག་གི“སྒུག་བརྟེན་སློང”གསུམ་གྱི་གཞན་བརྟེན་གྱི་བསམ་བློ་མེད་པར་གྱུར་ནས་སློབ་ཆེན་ཐོན་པའི“གྲོང་དཔོན”གྱི་རོགས་རམ་འོག་མང་ཚོགས་ཚོའི་རང་ཁ་རང་གསོ་བྱེད་ནུས་རིམ་གྱིས་ཆེ་རུ་ཕྱིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།