སྤོ་བོ་རྫོང་གི་དཔེ་དེབ་ཁང་དངོས་སུ་སྒོ་ཕྱེ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:43:18

ཉེ་ཆར། གསར་འགོད་པར་སྤོ་བོ་རྫོང་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་ཤུགས་ཆེའི་རོགས་རམ་དང་འབད་བརྩོན་ཧུར་ཐག་འོག་སྤོ་བོ་རྫོང་གི་དཔེ་དེབ་ཁང་ཟླ་ལྔ་པར་དངོས་སུ་སྒོ་ཕྱེ་བ་རེད། དཔེ་དེབ་ཁང་གིས་དོ་དམ་མཉེན་ཆས་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལྟ་ཀློག་གཱ་སོགས་སྤྱད་སྟབས་དཔེ་དེབ་ཁང་ནང་གི་དོ་དམ་དང་དཔེ་དེབ་ཕྱི་ལ་གཡར་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

མིག་སྔར་སྤོ་བོ་རྫོང་དཔེ་དེབ་ཁང་ལ་དཔེ་དེབ་15000ལྷག་ཙམ་ཡོད་པ་དེའི་ནང་ཀོང་ཀྲོའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་སྤོ་བོ་རྫོང་ལ་ཞལ་འདེབས་བརྒྱབ་པའི་དཔེ་དེབ་ནང་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག རྩོམ་རིག་སྒྱུ་རྩལ། ཕྱོགས་བསྡུས་རང་བཞིན་གྱི་དཔེ་དེབ་སོགས་རིགས་18ཚུད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།