སྤོ་བོ་རྫོང་གིས་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-02 10:43:42

ཉེ་བའི་ལོ་ཤས་ནང་སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པས་རྫོང་ཡོངས་ཀྱི་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།

སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཕྱིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་སྤོ་བོ་རྫོང་གིས་སློབ་གསོར་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་མ་དངུལ་སྒོར་ཁྲི་3170བཏང་ནས་དགེ་རྒན་གྱི་ལས་ཤག་སོགས་ཀྱི་རྣམ་གྲངས་བསྐྲུན་པ་དང་། རྫོང་སློབ་འབྲིང་གི་འཛིན་གྲྭ་28ཀྱི་སྤེལ་རེས་རྣམ་པའི་སློབ་ཁྲིད་ཀྱི་མཐའ་སྣེའི་ལས་གཞི་བསྐྲུན་པ། རྫོང་སློབ་འབྲིང་གི་འོད་སྐུད་དྲ་བ་བཙུགས་པ། སློབ་ཆུང་8ལ་སློབ་མའི་དྲ་ཁང་བཙུགས་པ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད། དུས་མཚུངས་དགེ་རྒན་ལ་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་རྐང་འཛིན་དགེ་རྒན་750སྒྲིག་འཛུགས་བྱས་ཏེ་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་གསོ་སྦྱོང་བྱེད་པར་བཏང་བ་རེད།

སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། ཉེ་བའི་ལོ་ཤས་ནང་སྤོ་བོ་རྫོང་གིས་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་མྱུར་སྐྱོབ་ཁང་དང་ཡིད་འོང་སོགས་ཤང་གྲོང་འཕྲོད་བསྟེན་ཁང་4ཡི་ལས་སྒོའི་སྤྱོད་ཁང་བསྐྲུན་པ་དང་། ཤང་གྲོང་6གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལས་དོན་སྤེལ་བ་དང་འབྲེལ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ལས་ཁུངས་ལ་དོ་དམ་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཚོའི་སྨན་པ་མི་ཐེངས་256གསོ་སྦྱོང་བྱས་ཏེ་ཞིང་འབྲོག་མང་ཚོགས“སྨན་བཅོས་བྱེད་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ཞིང་། རྫོང་དཔེ་མཛོད་ཁང་བསྐྲུན་ནས་རྫོང་ཡོངས་ཀྱི་ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་10དང་། གྲོང་ཚོ་རིམ་པའི་ཞིང་པའི་དཔེ་དེབ་ཁང་84 དགོན་སྡེའི་དཔེ་དེབ་ཁང་17ལ་གློག་ཀླད་དང་སྒྲ་སྐྱེད་སོགས་ཀྱི་སྒྲིག་ཆས་སྤྲད་པ། དཔེ་དེབ་ཁྲི་4.2སྤྲད་པ་བཅས་རེད། ཞིང་པའི་དཔེ་དེབ་ཁང་དང་རྒྱང་བསྒྲགས་དང་བརྙན་འཕྲིན་ཁྱབ་ཚད་100%ཟིན་ཡོད་པ་རེད།

སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཞིང་། མིག་སྔར་སྤོ་བོ་རྫོང་གི་སྤྱི་ཚོགས་འགན་བཅོལ་ཆེ་གྲས་ཁག་5ཡི་འགན་བཅོལ་ནང་ཞུགས་པའི་མི་གྲངས་9500ལྷག་ཙམ་ཟིན་པ་དང་། འགན་བཅོལ་དངུལ་སྒོར་ཁྲི་1590ཟིན་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་1.48ལྷག་ཙམ་ཟིན་པ། འགན་བཅོལ་ནང་ཞུགས་པའི་དངུལ་སྒོར་ཁྲི་130.2ཟིན་པ། འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་66.9%ཟིན་ནས་ཞིང་འབྲོག་མང་ཚོགས“ན་དུས་སྨན་བཅོས་བྱེད་ས་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ”བྱས་ཏེ་ཁོང་ཚོར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པའི་དྲོ་སྐྱིད་ཚོར་གང་ཐུབ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།